《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月13日

“2019ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་ཀྱི་གསར་དུ་རྙེད་པར”ཚུད་པའི་རྣམ་གྲངས་6ཁྱབ་བསྒྲཌ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། 2019ལོར་རང་རྒྱལ་གྱི་གནའ་རྫས་རྟོག་ཞིབ་ལས་དོན་གྱི་གྲུབ་འབྲས་གཟེངས་སུ་ཐོན་པ་དང་གནའ་རྫས་རྟོག་ཞིབ་ཐད་ཀྱི་གསར་དུ་རྙེད་པའི་འཕྲིན་བཟང་རྒྱུན་ཆད་རྒྱུ་མེད་ཅིང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་ཚེས་10ཉིན“2019ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་ཀྱི་གསར་དུ་རྙེད་པར”ཚུད་པའི་རྣམ་གྲངས་6དང་། གྲལ་ཚུད་རྣམ་གྲངས་7ཕྱི་རྒྱལ་གྱི་གནའ་རྫས་རྟོག་ཞིབ་ཀྱི་གསར་དུ་རྙེད་པ་1བཅས་ཁྱབ་བསྒྲཌ་བྱས་པ་རེད།

ཚུད་པའི་རྣམ་གྲངས་6པོ་ནི་ཧྲན་ཏུང་ཐེང་ཀྲོའུ་གྲོང་ཁྱེར་ཤིས་མོང་ཀྲོང་ལུང་ཧྲན་རིག་གནས་གནའ་ཤུལ་དང་། ཧེ་ལུང་ཅང་ཆི་ཆི་ཧར་གྲོང་ཁྱེར་ཧུང་ཧོ་གནའ་ཤུལ། ཧྲའན་ཤིས་ཧྲེན་མུ་གྲོང་ཁྱེར་ཧྲི་མའོ་གནའ་ཤུལ་ཧོང་ཁྲེང་ཐའེ་ཏཱ་ཐའེ་ཅི་གནའ་ཤུལ། ཧྲན་ཤིས་ཅང་རྫོང་ཤིས་ཝུའུ་པི་གནའ་ཤུལ། ཧུའུ་པེ་སུའེ་ཀྲོའུ་གྲོང་ཁྱེར་ཙའོ་ཧྲུའུ་ལིན་ཁྲུན་ཆིའུ་སྐབས་ཀྱི་ཙེང་རྒྱལ་ཁབ་ཀྱི་སྐུ་དྲག་བང་སོ། མཚོ་སྔོན་དབུས་ལམ་རྫོང་ཆོན་ཀོའུ་བོད་བཙན་པོའི་དུས་ཀྱི་ལྡེབས་རིས་བང་སོ་བཅས་ཡིན་པ་དང་། ཕྱི་རྒྱལ་གྱི་གནའ་རྫས་རྟོག་ཞིབ་ཀྱི་གསར་དུ་རྙེད་པ་ནི་བྷང་ག་ལ་རྒྱལ་ཁབ་ཀྱི་པི་ཁོ་ལུའོ་ཕུའར་གནའ་གྲོང་གི་ན་ཐི་ཧྲི་ཝ་གནའ་ཤུལ་ཡིན་པ་རེད།