《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月13日

ཁྱིམ་ཚང་སྨན་པས་ཁྱིམ་ཚང་དུ་ཞབས་འདེགས་ཞུས་པ།

2019ལོ་ཚུན་དུ་བཞད་མཐོང་སྨོན་རྫོང་གིས་མཁོ་ཆོད་སྨན་པ་བཀའ་བཅུ་པའི་ཚོགས་པ་རྨང་གཞིར་བྱས་པའི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ“རྫོང་རིམ་པའི་སྨན་པས་ཤང་འགན་གཙང་ལེན་པ་དང་། ཤང་རིམ་པའི་སྨན་པས་གྲོང་ཚོ་འགན་གཙང་ལེན་པ། གྲོང་ཚོའི་སྨན་པས་དུད་ཚང་དང་མི་འགན་གཙང་ལེན་པ”བཅས་ཀྱི་རྣམ་པ་སྤྱད་དེ་གྲོང་ཚོའི་སྨན་པས་རྟག་ཏུ་གཞི་རིམ་དུ་སྨན་བཅོས་བྱེད་པར་བསྐྱོད་པ་དང་། ཤང་གི་སྨན་པས་ཟླ་རེར་མིང་རྟགས་འགོད་པ། རྫོང་གི་སྨན་པས་དུས་ཚིགས་རེར་མཛུབ་ཁྲིད་བྱེད་པ་བཅས་ཀྱི་ལམ་ལུགས་ལག་བསྟར་བྱས་པས། ནད་པ་མང་ཚོགས་ཀྱི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཞིང་། འདི་ནི་བཞད་མཐོང་སྨོན་རྫོང་རུང་མ་ཤང་འཕྲོད་བསྟེན་ཁང་གི་གྲོང་ཚོ་འགན་གཙང་ལེན་མཁན་སྨན་པ་བསོད་ནམས་ཆོས་སྒྲོན་གྱིས་ཨ་མ་ཚེ་རིང་སྒྲོལ་མར་ཁྲག་ཤེད་ལྟ་བཞིན་པ།