《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月13日

བོད་ཤར་རྒྱུད་དུ་གྲོང་མིའི་སྡོད་ཁང་གསར་པ་བསྐྲུན་པ།

ཕྱོགས་བཞི་འཆམ་མཐུན་གྲོང་ཚོ་ནི་མཛོ་སྒང་རྫོང་གི་ཡུལ་གཞན་དུ་གནས་སྤོས་ས་ཚིགས་ཡིན་པ་དང་། སྡོད་ཁང་གི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་79918.51ཟིན་ཅིང་། སྡོད་ཁང་ནི་སྒྲོམ་གཞིའི་ཐོག་བརྩེགས་ཁང་པ་ཡིན་ལ། དེར་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་རྒྱ་སོགས་ཚང་མ་སྒྲིག་སྦྱོར་བྱས་ཡོད། ད་ཆ་གནས་འདིར་མཛོ་སྒང་རྫོང་གི་རབ་ཅན་ཤང་དང་། ཞྭ་གླིང་ཁ་ཤང་། ཀྲུང་གླིང་ཤང་སོགས་ཤང་དང་གྲོང་རྡལ་བདུན་གྱི་དུད་ཚང་902ཀྱི་མང་ཚོགས་4803ཚང་མ་སྤོས་ཡོད་ཅིང་། འདི་ནི་ཕྱོགས་བཞི་འཆམ་མཐུན་གྲོང་ཚོ་གསར་པའི་རྣམ་པ་ཡིན་པ།