《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月13日

དབྱིན་ཇིས་སྲུང་སྐར་ལག་རྩལ་ལ་བརྟེན་ནས་གནམ་གཤིས་ འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ་ཡིན་པ།

ཉེ་ཆར། དབྱིན་ཇི་སྲིད་གཞུང་གིས“ཁོར་ཡུག་གི་ཚན་རིག་སྲུང་སྐར་གྲངས་གཞིའི་ལྟེ་གནས”ཞེས་པའི་སྒྲིག་གཞི་གསར་པ་ཞིག་བཙུགས་ཏེ་སྔོན་ཐོན་གྱི་སྲུང་སྐར་ལག་རྩལ་ལ་བརྟེན་ནས་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ལ་དབྱེ་ཞིབ་བྱས་ཏེ་འབྲེལ་ཡོད་ཀྱི་ཐབས་ཇུས་འདིང་རྒྱུར་དཔྱད་གཞི་མཁོ་འདོན་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད།

དབྱིན་ཇིའི་ཚོང་ལས་དང་ནུས་རྒྱུ་དང་དེ་བཞིན་ཐོན་ལས་འཐབ་ཇུས་ཀྱི་བློན་ཆེན་ཨན་ཏེ་ལེ་ཡ·ལི་ཏེ་སུའུ་མུའུ་ཡིས་སྲུང་སྐར་གྲངས་གཞིའི་ལྟེ་གནས་གསར་པ་དེས་སྲུང་སྐར་གྱི་པར་རིས་དུས་ཐོག་ཏུ་བསྐུར་ནས་གནམ་གཤིས་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་དངོས་སྟོན་རྒྱུ་ཡིན། དེས་ཐབས་ཤེས་གསར་པ་གསར་རིས་སྤེལ་གྱིས་འགྲན་སློང་འདི་རིགས་ལ་ཁ་གཏད་གཅོག་རྒྱུར་ཕན་ཐོགས་ཡོད་ཅེས་བཤད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཞིབ་འཇུག་མི་སྣས་ཞིབ་ཚགས་ཤོས་ཀྱི་སྲུང་སྐར་གྱི་པར་རིས་ཐད་ཀྱི་དབྱེ་ཞིབ་ལ་བརྟེན་ནས་མཚོ་ཁ་རྒྱས་པ་དང་། དྲོད་ཁང་གི་རླུང་གཟུཌ་འབུད་གཏོང་། འཁྱཌ་རོམ་བཞུར་བ། ནགས་ཚལ་ཞན་འགྱུར་སོགས་ཀྱི་གནས་ཚུལ་ལ་དཔྱད་དཔོག་སྔར་བས་ཡག་པོ་བྱས་ཏེ་གནམ་གཤིས་འགྱུར་ལྡོག་ལས་ཐོན་པའི་ཤུགས་རྐྱེན་ལ་ཤེས་རྟོགས་སྔར་བས་ཟབ་མོ་བྱ་རྒྱུ་དང་། སྲིད་གཞུང་ལ་འབྲེལ་ཡོད་ཀྱི་སྔོན་འགོག་བྱེད་ཐབས་བཟོ་བའི་ཐད་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་རེད།