《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月12日

རང་ཉིད་ཀྱིས་བརྒྱུད་མྱོང་བའི་གཏམ་རྒྱུད་གླེང་བ།

⇐ འདི་ནི་2019ལོའི་ཟླ་8པར་ཧྥེ་ལེ་ཕེ་·ཁར་ཏེ་ལུང་པེ་ཅིང་དུ་སྤེལ་རེས་བྱེད་སྒོར་ཞུགས་སྐབས་གཏམ་བཤད་གནང་བཞིན་པ།

⇐ པར་རིས་འདི་ནི་རང·མཱ་ལི·ལའེ་ཨེན་གྱིས་གཞུང་དོན་ཁང་དུ་ཚད་ལྡན་ཡིག་ཆར་ལྟ་བའི་གནས་ཚུལ་ཡིན་པ།

⇐འདི་ནི་ལུའོ་སི་དབྱིས་ཀྲུང་གོར་བྱེད་སྒོའི་ནང་ཞུགས་བཞིན་པ།

⇐ འདི་ནི་2018ལོའི་ཟླ་7པར་ལི་ལ·མ་ཉི·པའོ་ཏེར་གྱིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བར་དྲན་གསོ་ཞུ་བ་དང་ཀྲུང་གོའི་མཛེས་རྩལ་བརྩམས་ཆོས་ཀྱི་བརྗོད་དོན་གཙོ་བོའི་གསར་རྩོམ་དང་རྒྱལ་སྤྱིའི་རིག་གནས་སྤེལ་རེས་བྱེད་སྒོའི་འགོ་འཛུགས་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་བཞིན་པ།

ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་སྒུལ་ཤུགས་ཆེན་པོ་བསྣན་པ།

(མོ་ཞི་ཁོ) ཧྥེ་ལེ་ཕེ་·ཁར་ཏེ་ལུང་གིས(རྩོམ་པ་པོ་ནི་མོ་ཞི་ཁོའི་ཙུང་ཐུང་ཟུར་པ་ཡིན་པ)

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70རིང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་མི་རྣམས་ཡིད་སྨོན་བྱེད་དགོས་པ་ཞིག་ཡོད། འདས་ཟིན་པའི་ལོ་ངོ་70དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་ལོ་ངོ་40ལྷག་ཙམ་རིང་གི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་བྱེད་སྐབས། ཀྲུང་གོར་ཕྱོགས་གང་ཅིའི་ཐད་ཡར་རྒྱས་མྱུར་པོ་བྱུང་སྟེ། མོ་ཞི་ཁོ་ཚུད་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་མང་པོ་ཞིག་མཁོ་འདོན་བྱས་ཡོད་ལ། འཛམ་གླིང་རྒྱལ་ཁབ་ཁག་གིས་ཇི་ལྟར་བྱས་ནས་འཕེལ་རྒྱས་སྔར་བས་ཡག་པོ་གཏོང་བའི་ཐད་བློ་སྒོ་ཡང་ཕྱེ་ཡོད་པ་རེད།

ལོ་མང་རིང་། ངས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་འཕེལ་རྒྱས་ལ་དོ་ཁུར་བྱས་པས་ཀྲུང་གོ་དར་རྒྱས་གོང་འཕེལ་གྱི་དཔང་པོའང་བྱེད་ཐུབ། དཔལ་འབྱོར་ཚོང་དོན་ཐད། ཀྲུང་གོ་འདི་ཉིད་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་ཨང་གཉིས་པ་དང་འཛམ་གླིང་གི་བཟོ་སྐྲུན་རྒྱལ་ཁབ་ཆེ་གྲས་ཨང་དང་པོར་བརྟན་པོའི་ངང་གནས་པ་དང་། དམངས་འཚོའི་ཐད། ཀྲུང་གོ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། ཀྲུང་གོས་མི་འབོར་དབུལ་པོ་དུང་ཕྱུར་ཁ་ཤས་གྲུབ་འབྲས་ཐོབ་པའི་ངང་དབུལ་སྒྲོལ་བྱས་པ་དེས་དུས་མཚུངས་ཀྱི་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་70%ཡན་བཟུང་ནས་མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་གི་ལོ་རྒྱུས་ཐོག་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད།

ངས་བལྟས་ན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70རིང་ཐོབ་པའི་རླབས་ཆེན་གྲུབ་འབྲས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད་པ་དང་། ཀྲུང་གོའི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་དང་ཁ་འབྲལ་ཐབས་མེད་པ། ཀྲུང་གོ་མི་དམངས་ཀྱི་དཀའ་སྤྱད་འབད་འཐབ་དང་ཁ་འབྲལ་ཐབས་མེད་པ་བཅས་རེད། ཀྲུང་གོས་རང་ཉིད་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཐུབ་ནས་རྒྱལ་ཁབ་བཅོས་སྐྱོང་དང་དཔལ་འབྱོར་འཛུགས་སྐྲུན་སོགས་ཐད་རྒྱུན་ཆད་མེད་པར་སྒོ་དབྱེ་གསར་གཏོད་བྱས་ཡོད། ཀྲུང་གོས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་པ་ཐོབ་པ་བྱས་ཡོད། སྐྱོན་བྲལ་དང་ཡར་ཐོན་གྱི་སྤྱི་ཚོགས་ཁོར་ཡུག་འདི་འདྲའི་འོག ཀྲུང་གོ་མི་དམངས་ཀྱིས་ངར་ཤུགས་ཆེན་པོའི་ཐོག་ནས་མི་སྒེར་དང་རྒྱལ་ཁབ་ཀྱི་ཕུགས་འདུན་ཆེད་འབད་བརྩོན་ཆེན་པོ་བྱེད་ཀྱི་ཡོད། མི་རིགས་ཁག་གི་མི་དམངས་ཀྱིས་ལག་གདང་སྦྲེལ་ནས་འབད་འཐབ་བྱས་པས་མཐུན་སྒྲིལ་ཡར་ཐོན་དང་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་ཆགས་ཡོད།

“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱས་པ་ལས་རྒྱལ་ཁབ་ཁག་ཐུན་མོང་འཕེལ་རྒྱས་ཀྱི་ཕུགས་འདུན་སྒྲུབ་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། མོ་ཀྲུང་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་དང་། མི་ཆོས་རིག་གནས། རྒྱལ་སྤྱིའི་ལས་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད། ཀྲུང་གོ་ནི་མོ་ཞི་ཁོའི་གོ་ལ་ཧྲིལ་པོའི་ཚོང་དོན་རོགས་ཟླ་ཆེ་གྲས་ཨང་གཉིས་པ་ཡིན་པ་དང་། མོ་ཞི་ཁོ་ནི་ལ་ཏིང་མེ་གླིང་གི་ཀྲུང་གོའི་ཚོང་དོན་རོགས་ཟླ་ཆེ་གྲས་ཨང་གཉིས་པ་དེ་ཡིན། མོ་ཞི་ཁོའི་ནུས་རྒྱུ་སྒྱུར་བཅོས་དང་། གློག་འཕྲིན་སྒྱུར་བཅོས། དཔལ་འབྱོར་དམིགས་གསལ་ཁུལ་འཛུགས་སྐྲུན་སོགས་འཕེལ་རིམ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན། མོ་ཀྲུང་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གོ་སྐབས་གསར་པ་ཐོབ་རྒྱུ་ཡིན་པ་རེད། (པ་སངས་སྒྲོན་ལགས་ཀྱིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)

ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་ལས་ཚན་རིག་ཞིབ་འཇུག་ལ་གསོན་ཤུགས་བསྣན་པ།

(ཧྥ་རན་སེ)རང·མཱ་ལི·ལའེ་ཨེན(ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའ་དང་

ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ་ཐོབ་མཁན)གྱིས།

1980ལོར། གདན་ཞུས་ལྟར་ངས་ཀྲུང་གོའི་ཧྲང་ཧའེ་དང་ཝུའུ་ཧན་གྱི་མཐོ་སློབ་མང་པོར་ཡོང་ནས་འཆད་ཁྲིད་བྱས་པ་ཡིན། ཧྲང་ཧའེ་རུ། ངས་ཀྲུང་གོ་ཚན་རིག་ཁང་རྫས་འགྱུར་ཞིབ་འཇུག་སུའོ་ཡི་ཚན་ཞིབ་མི་སྣ་ངོ་ཤེས་བྱུང་། ང་ཚོའི་དབར་མཛའ་གྲོགས་ཟབ་མོ་ཆགས་པས། རང་ནུས་གང་ཡོད་བཏོན་ཏེ་ཧྥ་ཀྲུང་དབར་གྱི་ཚན་ཞིབ་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུའི་ངའི་ཆོད་སེམས་ཀྱང་བརྟན་དུ་ཕྱིན་སོང་། ཕྱིས་སུ། ང་ཧ་ལམ་ལོ་རེ་བཞིན་ཀྲུང་གོར་བསྐྱོད་དེ་དུས་ཡུན་ཟླ་བ་གཅིག་གི་རིག་གཞུང་སྤེལ་རེས་བྱེད་སྒོ་སྤེལ་བ་དང་། འཆད་ཁྲིད་དང་སློབ་ཁྲིད་སོགས་ཀྱི་རྣམ་པའི་ཐོག་ནས་ཞིབ་འཇུག་མི་སྣ་དང་སློབ་མ་ཚོར་སྤེལ་རེས་བྱས་པ་ལས། ངས་ཀྲུང་གོའི་དགེ་སློབ་ཚོའི་སྤྲོ་སེམས་དང་། ཆེད་ལས། བརྩོན་འགྲུས་དང་དེ་བཞིན་ཁོང་ཚོའི་གསར་གཏོད་ཀྱི་ནུས་པ་དང་འཚོལ་ཞིབ་ཀྱི་སྙིང་སྟོབས་བཅས་ཚོར་བྱུང་བས། འདི་དག་ལས་ང་ལ་སྐུལ་ལྕག་ཟབ་མོ་ཐེབས་བྱུང་།

ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་ལས་ཚན་རིག་ཞིབ་འཇུག་ལ་གསོན་ཤུགས་བསྣན་ཡོད། ཀྲུང་གོས་ཚན་ཞིབ་ཐད་ཀྱི་གཏོང་ཆ་གཏོང་ཤུགས་ཆེ་རུ་ཧུར་ཐག་བཏང་ནས་ཚན་ཞིབ་མ་ལག་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། ད་དུང་རྒྱལ་ཁབ་ཁག་དབར་གྱི་ཚན་ཞིབ་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་ཡང་རྒྱག་གི་འདུག ཀྲུང་གོར་བརྩོན་ཞིབ་ཀྱི་སྙིང་སྟོབས་ལྡན་པའི་ཧ་ཅང་ཕུལ་དུ་བྱུང་བའི་ཚན་ཞིབ་མི་སྣ་འདུག ཁོང་ཚོས་རྟག་ཏུ་འཚོལ་ཞིབ་ཧུར་ཐག་བྱས་པས་ཡར་རྒྱས་ཆེན་པོ་བྱུང་འདུག ཀྲུང་གོའི་ཚན་རིག་པ་སྔར་བས་མང་པོ་ཞིག་གི་ཞིབ་འཇུག་གྲུབ་འབྲས་དག་འཛམ་གླིང་གི་ཆེད་ལས་དུས་དེབ་རྩེ་གྲའི་ཐོག་འཁོད་འདུག

ཉེ་བའི་ལོ་ཤས་རིང་། ངས་རྟག་ཏུ་ཀོང་ཀྲོའུ་ལ་ཕྱིན་པ་ཡིན། ཀྲུང་ཧྲན་སློབ་ཆེན་ནང་དུ་ངའི་མིང་བཏགས་པའི་ཞིབ་འཇུག་སུའོ་ཞིག་ཡོད་པ་སྟེ་ལའེ་ཨེན་ཕན་ནུས་རྒྱུ་ཆ་ཞིབ་འཇུག་སུའོ་ཟེར་བ་དང་། ཞིབ་འཇུག་སུའོ་དེ་ནི་2010ལོའི་ཟླ་བཅུ་གཅིག་པར་བཙུགས་ཤིང་། དེ་ནི་ཀྲུང་ཧྲན་སློབ་ཆེན་དང་ཧྥ་རན་སེའི་སི་ཐེ་ལཱ་སི་པའོ་སློབ་ཆེན་གྱི་ཚད་བརྒལ་འདུས་རྡུལ་ཚན་རིག་དང་བཟོ་བཀོད་ཞིབ་འཇུག་སུའོ་དང་། དེ་བཞིན་འཇར་མན་གྱི་ཁར་སི་ལུའུ་ཨོ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་ནཱ་སྨི་ལག་རྩལ་ཞིབ་འཇུག་སུའོ་བཅས་ཀྱིས་མཉམ་དུ་བསྐྲུན་པ་ཞིག་ཡིན། ང་ཚོས་རྒྱལ་སྤྱིའི་མཉམ་འབྲེལ་ཞིབ་འཇུག་དང་སློབ་ཁྲིད་བརྒྱུད། ཕུལ་བྱུང་ཤེས་ལྡན་པ་སྔར་བས་མང་པོ་གསོ་སྐྱོང་བྱེད་རེ་བྱེད་ཀྱི་ཡོད།

ཀྲུང་གོའི་སློབ་མ་ཚོས་ང་ལ་ཧ་ཅང་བརྩི་འཇོག་བྱེད་ཀྱི་འདུག ངས་ཀྱང་ཁོང་ཚོས་དྲིས་པའི་ཆེད་ལས་སྐོར་གྱི་དྲི་བར་ངང་རྒྱུད་རིང་པོས་ལན་འདེབས་ཀྱི་ཡོད། ངས་ཀྲུང་གོའི་ཚན་ཞིབ་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་། ཚན་ཞིབ་ཐད་ཀྱི་གཏོང་ཆ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཀྲུང་གོའི་ཚན་ཞིབ་མི་སྣས་འབད་པ་ལྷོད་མེད་བྱས་ནས་འཚོལ་ཞིབ་བྱེད་པ་བཅས་དངོས་སུ་མཐོང་བྱུང་། ངས་ཀྲུང་གོར་ཚན་ཞིབ་གྲུབ་འབྲས་སྔར་ལས་མང་བ་ཐོབ་པའི་ཡིད་ཆེས་ཆེན་པོ་ཡོད་ལ་རེ་སྒུག་ཀྱང་བྱེད་ཀྱི་ཡོད། ངས་མུ་མཐུད་རང་ནུས་ཡོད་རྒུས་རྒྱལ་ཁབ་ཁག་དང་ཀྲུང་གོའི་དབར་གྱི་ཚན་རྩལ་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་ལེགས་སྐྱེས་འབུལ་རྒྱུ་ཡིན།

(དམ་ཆོས་མི་ཕམ་གྱིས་བསྒྱུར། པ་སངས་སྒྲོན་ལགས་ཀྱིས་ཞུས)

ཀྲུང་གོའི་འཕེལ་རྒྱས་ཀྱིས་མིའི་རིགས་ཐུན་མོང་ཡར་རྒྱས་ འགྲོ་རྒྱུར་སྐུལ་འདེད་ཐེབས་རྒྱུ་ཡིན་པ།

(དབྱིན་ཇི) ལུའོ་སི་དབྱི། (རྩོམ་པ་པོ་དབྱིན་ཇིའི་ལོན་ཏོན་གྱི་དཔལ་འབྱོར་དང་ཚོང་ལས་སྲིད་ཇུས་ཧྲུའུ་ཡི་ཧྲུའུ་ཀྲང་ཟུར་པ་ཡིན་པ)

2005ལོ་ཚུན་ང་ཀྲུང་གོར་ཐེངས་མང་བསྐྱོད་ནས་དེང་རབས་ཀྱི་གྲོང་ཁྱེར་ལ་འཚམས་འདྲི་བྱེད་མྱོང་བ་མ་ཟད་གནའ་ཤུལ་གྲགས་ཅན་ལའང་རྩད་ཞིབ་བྱེད་མྱོང་ཡོད། ཤིས་ཨན་དུ་དུར་རྫས་རྫ་བཟོས་གྱད་རྟ་དང་ཧྲའན་ཤིས་ཞིང་ཆེན་གྱི་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བྱེད་སྐབས་ཀྲུང་གོའི་འོད་སྟོང་འཕྲོ་བའི་རིག་གནས་ཤུལ་བཞག་གིས་ངའི་ཡིད་དབང་འཕྲོག་བྱུང་། ཀྲུང་གོར་ལོ་ངོ་སྟོང་ཕྲག་རིང་རྒྱུན་མི་ཆད་པའི་ཤེས་དཔལ་ལྡན་ལ་འཛམ་གླིང་སྔོན་ཐོན་གྱི་མྱུར་བགྲོད་ལྕགས་ལམ་དང་དྲ་ཐོག་གཏོང་སྤྲོད་མ་ལག་ཀྱང་ལྡན་ཡོད། གནའ་དུས་དང་དེང་རབས་ཟུང་དུ་འབྲེལ་བ་དེ་ནི་ཀྲུང་གོའི་ཡིད་དབང་འཕྲོག་ཡུལ་ཡིན་པ་ངས་ཚོར་ཐུབ་ཀྱི་འདུག

སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་གོའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོར་ཆ་སྙོམས་འཕར་ཚད་དུས་མཚུངས་ཀྱི་འཛམ་གླིང་གི་དཔལ་འབྱོར་ལོར་ཆ་སྙོམས་འཕར་ཚད་ལས་མཐོ་བ་ཡོད་པས། གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་གཙོ་བོའི་ཁྲོད་མདུན་གྲལ་དུ་སླེབས་ཡོད། ངས་བལྟས་ན་ཀྲུང་གོར་ཐོབ་པའི་གྲུབ་འབྲས་ཆེ་ཤོས་ཀྱི་གྲས་ཤིག་ནི་ཀྲུང་གོ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཏེ་མི་འབོར་དུང་ཕྱུར་མང་པོ་བདེ་བླག་ངང་དབུལ་སྒྲོལ་ཐུབ་པ་དེ་རེད།

1949ལོར་ཀྲུང་གོའི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་35ཡང་ཟིན་གྱི་མེད། 2018ལོར་གྲངས་ཀ་དེ་ལོ་77ལ་སླེབས་ཡོད། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་། སྨན་བཅོས་འཕྲོད་བསྟེན། སློབ་གསོ། སྡོད་གནས་ཁོར་ཡུག་སོགས་རྒྱུ་རྐྱེན་མང་པོའི་ཚོད་འཛིན་ཕོག་པ་ནི་རྒྱལ་ཁབ་བམ་ས་ཁུལ་ཞིག་གི་ད་ལྟའི་དུས་མཚམས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་སོགས་ལ་ཚད་འཇལ་བྱེད་པའི་ཕྱོགས་བསྡུས་དམིགས་ཚད་ཅིག་རེད། ཀྲུང་གོའི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་ལས་ཀྲུང་གོས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་གཏོད་པ་དང་། མི་དམངས་བདེ་སྡོད་ལས་བརྩོན་དང་། ལས་ཞུགས། སློབ་གསོ། སྨན་བཅོས་སོགས་དམངས་འཚོའི་གནད་དོན་ལེགས་བཅོས་མངོན་གསལ་དོད་པོ་བྱུང་བ་མཚོན་ཡོད། དེས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུཌ་ལམ་ལུཌ་ཀྱི་ལེགས་ཆ་མཚོན་པ་ནི་སྒྱུར་བཅོས་སྒོ་དབྱེ་ལག་བསྟར་བྱས་པ་ལས་ཐོབ་པའི་གྲུབ་འབྲས་ཆེན་པོ་ཞིག་རེད།

སྣོད་བཅུད་ཁོར་ཡུག་ལེགས་སུ་ཕྱིན་པའང་ཀྲུང་གོར་འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཀྱི་གྲས་ཤིག་ཡིན། ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་སྲིད་ཇུས་བྱ་སྤྱོད་ཧུར་ཐག་སྤྱད་དེ་གོ་ལ་ཧྲིལ་པོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ལེགས་སྐྱེས་ཕུལ་ཡོད། གནམ་གཤིས་འགྱུར་ལྡོག་ནི་མིའི་རིགས་ལ་འཕྲད་པའི་འཚོ་གནས་ཀྱི་འཇིགས་སྐུལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་ཀྲུང་གོས་དེའི་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་བཏོན་ཡོད།

ནུབ་ཕྱོགས་ཀྱི་ཀློག་པ་པོ་དེ་བས་མང་བས་ཀྲུང་གོའི་འཕེལ་རྒྱས་དང་འགྱུར་ལྡོག་ཤེས་རྟོགས་ཐུབ་ཆེད། ངས་ཆེད་མངགས“ཀྲུང་གོར་སློབ་སྦྱོང་བྱེད་པའི”དྲ་ཚུགས་བཟོས་ནས་འཛམ་གླིང་གི་རྒྱལ་ཁབ་ཁག་གི་དམངས་ཚོགས་ལ་ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་གྲུབ་འབྲས་ངོ་སྤྲོད་ཐུབ་རེ་བྱེད་ཀྱི་ཡོད།

ཀྲུང་གོའི་མི་འབོར་གྱིས་འཛམ་གླིང་མི་འབོར་གྱི་ལྔ་ཆ་གཅིག་ཙམ་བཟུང་ཡོད། ཀྲུང་གོ་འཕེལ་རྒྱས་ཕྱིན་པ་དེས་ཀྲུང་གོ་རང་ངོས་ཙམ་མ་ཟད་ད་དུང་མིའི་རིགས་ཧྲིལ་པོར་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད། ཀྲུང་གོ་འཕེལ་རྒྱས་ཕྱིན་པ་ལས་མིའི་རིགས་ཐུན་མོང་ཐོག་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་རྒྱུ་ཡིན་པ་ངར་ཡིད་ཆེས་ཡོད། ཀྲུང་གོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་རྒྱུ་དོན་གཉེར་བྱེད་པ་དེ་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་ཕུགས་བསམ་དང་འབྲེལ་བ་དམ་ཟབ་ཡོད་ལ་མིའི་རིགས་ཧྲིལ་པོའི་ཐུན་མོང་གི་ཁེ་ཕན་དང་ཡང་འཚམ་ཡོད།

ཀྲུང་གོ་མི་དམངས་ནི་དཀའ་སྤྱད་འབད་བརྩོན་དང་

ལེགས་སྐྱེས་འབུལ་རྒྱུར་སྤྲོ་བ།

(ནེ་པ་ལ) ལི་ལ·མ་ཉི ·པའོ་ཏེར(རྩོམ་པ་པོ་ནི་ཀྲུང་གོར་བཅའ་སྡོད་ནེ་པ་ལའི་གཞུང་ཚབ་ཆེ་མོ་བ་ཡིན་པ)

2019ལོའི་ཟླ་10པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པ་ལར་འཚམས་འདྲི་གནང་རིང་ནེ་ཀྲུང་རྒྱལ་ཁབ་གཉིས་དབར་གྱི་འཕེལ་རྒྱས་དང་དར་རྒྱས་ལ་ཕྱོགས་པའི་མི་རབས་ནས་མི་རབས་བར་མཛའ་གྲོགས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ཡོད། ལོ་རྒྱུས་རང་བཞིན་གྱི་དུས་སྐབས་དེར་ངས་བདེན་དཔང་ཐུབ་པར་སྤོབས་སེམས་ཆེན་པོ་སྐྱེ་ཡི་འདུག ནེ་ཀྲུང་འབྲེལ་བ་དེ་ལོ་རྒྱུས་ཀྱི་འགོ་འཛུཌ་ས་གསར་པའི་ཐོག་མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་དང་གཉིས་ཁེ་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ནས་ཐུན་མོང་དར་རྒྱས་གོང་འཕེལ་མངོན་འགྱུར་ཡོང་རྒྱུ་རེད།

ལོ་དེ་དག་རིང་རང་ཉིད་ཀྲུང་གོའི་ཞིང་ཆེན་མང་པོར་སླེབས་མྱོང་བ་དང་གང་དུ་སླེབས་ཀྱང་ཀྲུང་གོ་མི་དམངས་ཀྱི་དཀའ་སྤྱད་འབད་བརྩོན་དང་ལེགས་སྐྱེས་འབུལ་རྒྱུར་སྤྲོ་བའི་འཚོ་བའི་རྣམ་འགྱུར་ལས་རང་ཉིད་ལ་བབ་ཆགས་ཟབ་མོ་བཞག་བྱུང་། ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཐུན་མོང་གི་དམིགས་ཚད་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱས་ནས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་བཏོད་ཡོད།

ཀྲུང་གོས་མི་འབོར་དུང་ཕྱུར་ཁ་ཤས་གྲུབ་འབྲས་ཐོབ་པའི་ངང་དབུལ་སྒྲོལ་བྱས་པ་དང་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་རྒྱས་ཆེན་པོ་བྱུང་ནས་ཀྲུང་གོའི་རྣམ་པར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། གྲངས་འཛིན་དཔལ་འབྱོར་ལས་ཀྲུང་གོའི་དམངས་ཚོགས་ཀྱི་འཚོ་བ་ནུས་ཆེ་སྟབས་བདེར་སོང་བ་དང་ས་འོག་ལྕགས་ལམ་ནས་སྔོ་ཚལ་ཉོ་བའི་བར་དང་གློག་རིན་འཇལ་བ་ནས་གློག་བརྙན་ལྟ་བའི་བར་ཀྲུང་གོའི་དམངས་ཚོགས་ཀྱིས་ཧ་ལམ་ལག་ཐོགས་ཁ་པར་སྤྱད་དེ་གཏོང་སྤྲོད་ཚང་མ་ལེགས་གྲུབ་ཐུབ་ཀྱི་ཡོད། ངས་ཀྲུང་གོར་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་རིང་ཕྱིར་འགྲོ་སྐབས་དངུལ་སྨར་མི་འཁྱེར་བའི་གོམས་གཤིས་འཇགས་འདུག

2015ལོར་ནེ་པ་ལར་ས་ཡོམ་དྲག་པོ་བརྒྱབ་རྗེས་ཀྲུང་གོས་ང་ཚོར་དུས་ཐོག་ཏུ་མ་དངུལ་དང་དངོས་རྫས་ཀྱི་རོགས་རམ་བྱས་པ་དང་ཀྲུང་གོ་ཕྱོགས་ནས་རོགས་སྐྱོར་རུ་ཁག་དང་། སྨན་བཅོས་རུ་ཁག རིམས་འགོག་རུ་ཁག་བཅས་ཁག་མང་པོ་བཏང་སྟེ་གེགས་རྗེས་བསྐྱར་སྐྲུན་བྱས་པ་དང་ང་ཚོར་ནུས་ཆེ་དང་ཆེད་ལས་ལག་རྩལ་གྱི་རྒྱབ་སྐྱོར་བྱས་ཡོད། དཀའ་སྡུག་མཉམ་མྱོང་ཁྲོད་གཞི་ནས་བརྩེ་སེམས་དངོས་ཚོར་ཐུབ་པ་ལྟར་ཀྲུང་གོ་ནི་ནེ་པ་ལའི་དུས་དང་རྣམ་པ་ཀུན་གྱི་གྲོགས་པོ་ཞིག་ཡིན།

ནེ་པ་ལ་དང་ཀྲུང་གོའི་དབར་གྱི་འབྲེལ་གཏུག་དེ་བས་ཟབ་ཏུ་འགྲོ་བ་དང་2003ལོར་ཀྲུང་གོ་ནས་ནེ་པ་ལར་ཐད་ཀར་འཕུར་བའི་མཁའ་ལམ་གཅིག་ལས་མེད་ལ་ལོ་གཅིག་རིང་ཟླ་བ་དྲུག་བདུན་ཙམ་ལས་མཁའ་ལམ་ཤར་གཏོང་ཐུབ་ཀྱི་མེད།

2017ལོའི་ཟླ་5པར་ནེ་ཀྲུང་གིས་སྲིད་གཞུང་དབར་གྱི“རྒྱུད་གཅིག་ལམ་གཅིག”མཉམ་ལས་ཀྱི་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་དེ་ཧི་མ་ལ་ཡ་བརྒལ་བའི་ལངས་གཟུགས་དྲ་སྦྲེལ་གྱི་དྲ་རྒྱ་སྐྲུན་རྒྱུར་སྒུལ་ཤུགས་བསྣན་ཡོད། ན་ནིང་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་ལོའི་ནང་གི་ཕན་ཚུན་འཚམས་འདྲི་ཞུ་རྒྱུ་ལེགས་གྲུབ་བྱུང་ནས་ནེ་ཀྲུང་རྒྱལ་ཁབ་གཉིས་པོའི་དྲ་སྦྲེལ་འཆར་འགོད་དང་འཛུགས་སྐྲུན་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད།

ངས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་ནེ་པ་ལའི་ཡི་གེའི་པར་གཞི་བཀླག་རྒྱུར་ཧ་ཅང་དགའ་པོ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་པའི་འདུ་ཤེས་ལ་རྒྱལ་སྤྱིའི་ཐོག་གི་རྒྱལ་ཁབ་དེ་བས་མང་བས་དང་ལེན་ཧུར་ཐག་བྱས་ཡོད།