《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月12日

2019ལོའི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས།

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཁག་གི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུད་དང་ཐད་གཏོགས་སྒྲིག་གཞི་ཁག་ལ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། ཚན་རིག་དང་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་བློ་ཐག་ཆོད་པོས་ལག་བསྟར་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་རྒྱལ་གྱི་ཚན་རིག་ལག་རྩལ་ཡར་ཐོན་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ། རྒྱལ་སྲུང་དེང་རབས་ཅན་འཛུགས་སྐྲུན་བཅས་ལ་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་ཚན་རིག་ལག་རྩལ་མི་སྣ་དང་རྩ་འཛུགས་ལ་བྱ་དགའ་སྤྲོད་རྒྱུའི་གཏན་འབེབས་བྱས་པ་ཡིན།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད)

《རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའི་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའི་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གི་ཞིབ་དཔྱད་དང་། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་ཨུ་ལྷན་གྱི་ཞིབ་བཤེར་ཐག་གཅོད། ཚན་རྩལ་པུའི་ཞིབ་བཤེར་གཏན་འབེབས་བཅས་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་སྤྲད་པ་མ་ཟད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཚན་རྟགས་འགོད་རྒྱུར་ཕུལ་ནས་ཡོན་ཧྲི་ཧོང་ཤུས་ཧྭ་དང་ཙེང་ཆིང་ཚུན་གཉིས་ལ་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་སྤྲོད་རྒྱུ་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས། “ཕན་ནུས་ཆེ་བའི་ལག་པའི་རང་བཞིན་གྱི་དུང་ལོང་འགྱུར་སྐུལ་རྫས་ཆ་ཤེས་རྟོགས”ལ་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་རིམ་པ་དང་པོ་སྤྲོད་རྒྱུ་དང་། “གློག་འགྱུར་རིག་པའི་ངོས་ཀྱི་རཱ་མན་འོད་རིམ་ཆེ་རུ་གཏོང་བའི་རིག་པའི་ཞིབ་འཇུག”སོགས་གྲུབ་འབྲས་45ལ་རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་རིམ་པ་གཉིས་པ་སྤྲོད་རྒྱུ། “རྙོག་འཛིང་ཆེ་བའི་གནམ་ཐང་ནས་ཞིབ་ཚད་མཐོ་པོས་འཕུར་བའི་དག་བཤེར་ལག་རྩལ་དང་སྒྲིག་ཆས”སོགས་གྲུབ་འབྲས་3ལ་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་བྱ་དགའ་རིམ་པ་དང་པོ་སྤྲོད་རྒྱུ། “ཞིང་ལས་ཐོན་ཟོག་ཁྲོད་དཔེ་མཚོན་གྱི་རྫས་འགྱུར་སྦགས་བཙོག་དངོས་པོ་གནད་སྨིན་ངང་དབྱེ་འབྱེད་དང་ཞིབ་དཔྱད་ཀྱི་འགག་རྩའི་ལག་རྩལ”སོགས་གྲུབ་འབྲས་62ལ་རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའ་རིམ་པ་གཉིས་པ་སྤྲོད་རྒྱུ། “མཚོ་ཐོག་གི་འདམ་འདྲུ་སྒྲིག་ཆས་ཆེ་གྲས་ཀྱི་རང་བརྟེན་ཞིབ་སྤེལ་དང་ཐོན་ལས་ཅན”སོགས་གྲུབ་འབྲས་3ལ་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་གྱི་དམིགས་བསལ་བྱ་དགའ་སྤྲོད་རྒྱུ། “སྤུས་ཀ་དག་པའི་དམིགས་བསལ་ངར་ལྕགས་ཀྱི་ལྗང་མདོག་དང་ནུས་ཆེའི་ལྕགས་ཕྱེ་ཞུན་མ་བསྐྱར་སྦྱངས་ཀྱི་འགག་རྩའི་ལག་རྩལ་གསར་སྤེལ་དང་བེད་སྤྱོད”སོགས་གྲུབ་འབྲས་22ལ་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་རིམ་པ་དང་པོ་སྤྲོད་རྒྱུ། “གྲང་འགོག་དང་སྙེ་དམར་བཙའ་ནད་འགོག་ཐུབ་པའི་སྤུས་ལེགས་སྔ་སྨིན་གྲོའི་སྣ་ཁ་གསར་པ་ནུབ་ཞིང་ཨང་979འདེམས་གསོ་དང་བེད་སྤྱོད”སོགས་གྲུབ་འབྲས་160ལ་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་རིམ་པ་གཉིས་པ་སྤྲོད་རྒྱུ། དགེ་རྒན་ཆེ་མོ་བ་མཱ་ཏིང·པོ་ལི་ཡ་ཁོ་ཧྥུའུ་སོགས་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་10ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་སྤྲོད་རྒྱུ་བཅས་ཀྱི་ཆོག་མཆན་སྤྲད་པ་ཡིན།

རྒྱལ་ཡོངས་ཀྱི་ཚན་རིག་ལག་རྩལ་ལས་དོན་པས་ཡོན་ཧྲི་ཧོང་ཤུས་ཧྭ་དང་ཙེང་ཆིང་ཚུན་དང་དེ་བཞིན་བྱ་དགའ་ཐོབ་མཁན་ཡོངས་ལ་སློབ་སྦྱོང་ཞུས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། རྒྱལ་ཁབ་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་གཟི་བརྗིད་སྲོལ་རྒྱུན་དང་དེ་བཞིན་བདེན་དོན་དོན་གཉེར་དང་མཐོ་རྩེར་འཛེག་པའི་ཚན་རིག་གི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་བརྟེན་གསར་གཏོད་ལམ་བུར་སྐྱོད་པ། ཐོག་མའི་གསར་གཏོད་ཀྱི་ཚད་བརྒལ་ཆེན་པོ་ཡོང་བར་གཞོལ་བ། འགག་རྩ་དང་ལྟེ་བའི་ལག་རྩལ་འགག་སྒྲོལ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་སྒོ་དབྱེ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གསར་གཏོད་རྣམ་པའི་རྒྱལ་ཁབ་སྐྲུན་པ་དང་། འཛམ་གླིང་གི་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་གང་མགྱོགས་སྐྲུན་པ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པའི་རླབས་ཆེན་གྱི་རྒྱལ་ཁ་ལེན་པ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས།

2020ལོའི་ཟླ་1ཚེས་7ཉིན།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་པའི་གློག་འཕྲིན)

(ཚེ་སྒྲོལ་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)