《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月07日

ཀོང་ཏུང་གིས་དགེ་རྒན་390བཏང་ནས་བོད་སྐྱོར་ཤིན་སྐྱོར་གྱི་སློབ་གསོའི་རོགས་སྐྱོར་ཁག་གཉིས་པར་ཞུགས་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་ཟླ་1ཚེས་3ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་3ཉིན་ཀོང་ཏུང་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། ཀོང་ཏུང་གིས་དགེ་རྒན་390བཏང་ནས“བོད་སྐྱོར་ཤིན་སྐྱོར་གྱི་དགེ་རྒན་ཆིག་ཁྲིའི་སློབ་གསོའི་རོགས་སྐྱོར་འཆར་གཞི”ཁག་གཉིས་པར་ཞུགས་ནས། 2020ལོའི་དཔྱིད་དུས་ཀྱི་སློབ་འགོ་མ་ཚུགས་གོང་ཤིན་ཅང་དང་བོད་ལྗོངས་ས་གནས་གཉིས་སུ་གཅིག་གྱུར་བསྐྱོད་དེ་སློབ་གསོའི་རོགས་སྐྱོར་གྱི་ལས་དོན་སྤེལ་རྒྱུ་རེད།

ཀོང་ཏུང་ཞིང་ཆེན་སློབ་གསོ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཀོང་ཏུང་གིས་ཁྱོན་བོད་སྐྱོར་ཤིན་སྐྱོར་གྱི་དགེ་རྒན་290བཏང་ནས“བོད་སྐྱོར་ཤིན་སྐྱོར་གྱི་དགེ་རྒན་ཆིག་ཁྲིའི་སློབ་གསོའི་རོཌ་སྐྱོར་འཆར་གཞི”ཁག་དང་པོར་ཞུགས་པའི་ཁྲོད་ཤིན་སྐྱོར་དགེ་རྒན་270དང་བོད་སྐྱོར་དགེ་རྒན་20ཡོད་ཅིང་། ཧྲེན་ཀྲེན་གྲོང་ཁྱེར་གྱིས་ཤིན་སྐྱོར་དགེ་རྒན་50བཏང་བ་དེ་དག་ལོཌ་སུ་འཁོད་ཡོད།

རོགས་སྐྱོར་བྱ་ཡུལ་ས་གནས་ཀྱི་དགོས་མཁོ་སྔར་བས་སྐོང་ཆེད། “བོད་སྐྱོར་ཤིན་སྐྱོར་གྱི་དགེ་རྒན་ཆིག་ཁྲིའི་སློབ་གསོའི་རོགས་སྐྱོར་འཆར་གཞི”ཁག་གཉིས་པར་ཀོང་ཏུང་གིས་ཕུལ་བྱུང་དགེ་རྒན་གཏོང་ཚད་མང་དུ་གཏོང་བ་དང་།2020ལོའི་དཔྱིད་དུས་སློབ་འགོ་ཚུགས་པ་ནས་བཟུང་ཀོང་ཏུང་ཞིང་ཆེན་གྱི་ས་ཁུལ་དང་གྲོང་ཁྱེར(ཧྲེན་ཀྲེན་གྲོང་ཁྱེར་ཚུད་མེད་པ)20ཡིས་དགེ་རྒན་390(སློབ་གསོ་དོ་དམ་མི་སྣ་དང་ཆེད་གཉེར་དགེ་རྒན་ཚུད་པ)བོད་ལྗོངས་དང་ཤིན་ཅང་དུ་ལོ་གཅིག་དང་ལོ་ཕྱེད་རིང་སློབ་གསོའི་རོགས་སྐྱོར་བྱེད་པར་བཏང་བར་ཤིན་སྐྱོར་དགེ་རྒན་380དང་བོད་སྐྱོར་དགེ་རྒན་10ཡོད་ཅིང་། ཧྲེན་ཀྲེན་གྲོང་ཁྱེར་གྱིས་བཏང་བའི་ཤིན་སྐྱོར་དགེ་རྒན་80ལོགས་སུ་འཁོད་ཡོད། དགེ་རྒན་390དེ་དག་གིས“ཚོགས་སྒྲིག་རྣམ་པ”ལ་བརྟེན་ནས་རོགས་སྐྱོར་བྱ་ཡུལ་གྱི་སློབ་གྲྭ་འབྲིང་ཆུང་15ལ་རོགས་སྐྱོར་བྱ་རྒྱུའི་ནང་བོད་ལྗོངས་ཉིང་ཁྲིའི་སློབ་འབྲིང་2དང་ཤིན་ཅང་ཁེ་ཧྲི་ས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་13ཚུད་ཡོད་པ་རེད།