《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月05日

མཚོ་སྔོན་པོར་དར་ཆགས་པའི་དུས་ལ་སླེབས་པ།

2019ལོའི་ཟླ་12པའི་ཟླ་དཀྱིལ་དུ་མཚོ་སྔོན་པོར་དར་ཆགས་འགོ་ཚུགས་པ་དང་། སྲུང་སྐར་རྒྱང་ཚོར་ལྟ་ཞིབ་ཚད་འཇལ་བྱས་པར་གཞིགས་ན། མིག་སྔའི་མཚོ་སྔོན་པོར་དར་ཆགས་པའི་གཞི་ཁྱོན་མཚོ་ངོས་གཞི་ཁྱོན་གྱི་10%ལྷག་ཙམ་ཟིན་པ་ལས་མཚོ་སྔོན་པོར་དར་ཆགས་འགོ་ཚུགས་པ་མཚོན་ཡོད། མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུས་ཀྱི་དཔྱད་གཞིའི་ནང་ན་ནིང་མཚོ་སྔོན་པོར་དར་ཆགས་ཡུན་གཞེས་ནིང་དང་བསྡུར་ཚེ་ཉིན་7གྱིས་འགོར་བ་ཡོད་པ་དང་། ཉེ་བའི་ལོ་བཅུ་རིང་གི་ཆ་སྙོམས་ཀྱི་དར་ཆགས་ཡུན་དང་བསྡུར་ཚེ་ཉིན་10ཡིས་འགོར་བ་ཡོད། མཚོ་སྔོན་པོའི་མཐའ་འཁོར་གྱི་གནམ་གཤིས་ས་ཚིགས་4ཡིས་དཔྱད་གཞིར་དབྱེ་ཞིབ་བྱས་པར་གཞིགས་ན་གནམ་གཤིས་དྲོ་རུ་ཕྱིན་པ་ནི་དར་ཆགས་ཡུན་འགོར་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་རེད།

འདི་ནི་2019ལོའི་ཟླ་12ཚེས་27ཉིན་མི་མེད་གནམ་གྲུས་པར་བླངས་པའི་མཚོ་སྔོན་པོ་ཡིན་པ།