《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月05日

བྷང་ག་ལའི་ལས་རིགས་ཁག་གིས་ཀྲུང་གོའི་རྒྱལ་ཁབ་བཅོས་སྐྱོང་གི་ཉམས་མྱོང་ལ་ཞིབ་དཔྱད་དང་དཔྱད་གཞིར་འཛིན་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏ་ཁ་ནས་གློག་འཕྲིན་འབྱོར་གསལ། བྷང་ག་ལའི་ཀྲུང་གོ་དང་བྷང་ག་ལའི“དར་གོས་ལམ་བུའི་མཛའ་གྲོགས་སྤྲོ་སྐྱིད་ཁང”གིས་གཙོ་གཉེར་བྱས་པའི“རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན―ཀྲུང་གོའི་ཉམས་མྱོང་མཉམ་སྤྱོད”ཀྱི་བགྲོ་གླེང་ཚོགས་འདུ་ཉེ་ཆར་བྷང་ག་ལའི་རྒྱལ་ས་ཏ་ཁར་འཚོགས་པ་རེད། བྷང་ག་ལའི་སྲིད་གཞུང་དང་། ཇུས་འདོན་ཚོགས་པ། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་སྐུ་མགྲོན་ཚོས་ཀྲུང་གོའི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་སོགས་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་རིན་ཡོད་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད།

བྷང་ག་ལའི་འཆར་འགོད་པུའི་པུའུ་ཀྲང་མན་ནན་གྱིས། ཀྲུང་གོ་ནི་བྷང་ག་ལའི་སྙིང་ཉེ་བའི་གྲོགས་པོ་ཡིན་ལ། ཀྲུང་གོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་མང་པོ་ཞིག་ལ་སློབ་སྦྱོང་བྱེད་པ་དང་དཔྱད་གཞིར་འཛིན་རིན་ཡོད་པ་དང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་འཛམ་གླིང་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་པས་བྷང་ག་ལ་ཡང་གྲོས་འགོ་འདིའི་ནང་ཞུགས་མཁན་གཙོ་བོ་ཞིག་ཡིན་ཞེས་བརྗོད་པ་རེད།

བྷང་ག་ལ་གུང་ཁྲན་ཏང(མར་ཁེ་སི་ལེ་ཉིན)གི་སྤྱི་ཁྱབ་ཧྲུའུ་ཅི་པཱ་ལུའུ་ཨ་ཡིས། ཀྲུང་གོའི་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་ཀྱིས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ར་སྤྲོད་བྱས་ཡོད་ལ། ཀྲུང་གོའི་སྟོབས་ཤུགས་ལྡན་པའི་བཅོས་སྐྱོང་མ་ལག་དེ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་རང་རང་སོ་སོས་སྲིད་སྐྱོང་བ་དང་མི་འདྲ་བར་སྤྱི་ཚོགས་ཀྱི་ཐོན་ཁུངས་སྔར་བས་སྤྱི་འདོམས་ཡག་པོ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་དོན་ཆེན་བསྒྲུབ་པ། ཀྲུང་གོས་ནང་ཁུལ་དང་ཕྱི་ཕྱོགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པར་རོགས་རམ་བྱེད་པ་བཅས་བྱས་ཏེ་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་དང་རྒྱལ་ཁབ་དར་རྒྱས་སྟོབས་འབྱོར་ལྡན་པ་ཡོང་རྒྱུར་དེ་བས་འགན་ལེན་ནུས་ལྡན་མཁོ་འདོན་བྱས་ཡོད་ཅེས་བརྗོད་པ་རེད།

བྷང་ག་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཅི་མིང་གིས། ཀྲུང་གོའི་རྒྱལ་ཁབ་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་ཕྱོགས་མང་པོའི་མངོན་གསལ་དོད་པའི་ལེགས་ཆ་ངོ་སྤྲོད་བྱས་པ་དང་། ཁོང་གིས། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་སྲིད་གཞུང་དང་སྲིད་ཏང་ཁག་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་སྤེལ་རེས་ལ་ཤུགས་སྣོན་དང་། བྷང་ག་ལ་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་མཛའ་གྲོགས་སྔར་བས་དར་སྤེལ་དང་། འཐབ་ཇུས་མཉམ་ལས་སྲ་བརྟན། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་གཏིང་ཟབ་བྱེད་པ་བཅས་བྱས་ཏེ་ཐུན་མོང་ཐོག་ཀྲུང་གོའི་ཕུགས་འདུན་དང“གསེར་མདོག་བྷང་ག་ལའི”ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་འདོད་ཡོད་ཅེས་བརྗོད་པ་རེད། (དབང་སྒྲོལ་སྐྱིད་ཀྱིས་བསྒྱུར། དོན་གྲུབ་ཀྱིས་ཞུས)