《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月02日

ཕྱོགས་བཞི་མཚམས་བརྒྱད་ལ་གཞུང་ལམ་ཤར་གཏོང་ཐུབ་པ།

གྲོང་སྐོར་འགྲིམ་འགྲུལ་དང་། ལྷ་ཉིང་རིམ་མཐོའི་གཞུང་ལམ། ལྟེ་བའི་གྲོང་ཁྱེར་ལྷ་ས་ནས་ལྷོ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་ཁ་ཕྱོགས་གསལ་ཞིང་རྒྱུན་ཆད་མེད་པར་རིང་དུ་འགྲོ་བཞིན་པའི་མ་ལམ་དང་གཞུང་ལམ་དག་གིས་བོད་ལྗོངས་ལྷ་སའི་འགྲིམ་འགྲུལ་གྱི་སྒྲོམ་གཞི་གཙོ་བོ་གྲུབ་ནས་ལྷ་ས་འཕེལ་རྒྱས་དང་མཆོང་སྐྱོད་ཡོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་ལྷ་ས་ལྟེ་བར་བྱས་པའི“ཆུ་ཚོད་3གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ཁུལ”དང“ཆུ་ཚོད་2ཀྱི་དཔལ་འབྱོར་ཁུལ”གྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་ཧུར་ཐག་བཏོད་དེ་གྲོང་ཁྱེར་ཡོངས་ཀྱི་ལམ་བུ་གཙོ་བའི་གྲུབ་ཆ་འཐུས་སྒོ་ཚང་དུ་བཏང་བས། བོད་དབུས་དཔལ་འབྱོར་ཁུལ་གྱི་འབྲེལ་བ་ཟབ་ཏུ་ཕྱིན་ནས། བོད་ལྗོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་མཚམས་ཚིག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། འགྲིམ་འགྲུལ་གྱི་གནོན་ཤུགས་ཆུང་དུ་གཏོང་བ། རྒྱ་ཆེའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་བསྐྲུན་པ་བཅས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད། འདི་ནི་བོད་ལྗོངས་ལྷ་སའི་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་གཞུང་ལམ་ཡིན་པ།