《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月02日

ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ཧྲིལ་པོའི་ཕུག་ལམ་རིང་ཤོས་སྔ་སྣུར་དུ་ཏལ་འབིགས་ཐུབ་པ།

⇑ ཀྲུང་གོ་ཕྱོགས་ཀྱིས་སྐྲུན་འགན་ཁུར་བའི་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ཧྲིལ་པོའི་ཕུག་ལམ་རིང་ཤོས་སེན་ཚུན་ཕུག་ལམ་གཉིས་པ་ཚེས་27ཉིན་བདེ་བླག་ངང་ཏལ་འབིགས་ཐུབ་པ་དེ་དེ་གོང་གི་འཆར་གཞིའི་ལས་ཀའི་དུས་ཡུན་ལས་ཟླ་7གྱིས་སྔ་སྣུར་དུ་ལེགས་གྲུབ་ཟིན་པ་རེད། སེན་ཚུན་ཕུག་ལམ་གཉིས་པའི་རིང་ཚད་ཧྲིལ་པོར་སྨི་9384ཡོད་པ་དང་ལོ་སིའི་ལང་པོ་ལ་པང་ཞིང་ཆེན་དང་དབན་ཤང་ཞིང་ཆེན་དབར་གྱི་ཚ་ཁུལ་ནགས་རིར་གནས་པ་དང་ས་དབྱིབས་གཡང་གཟར་ལ་རྙོག་འཛིང་ཆེ་བ་དང་ས་འོག་ཆུ་ཧ་ཅང་མང་བས་ཨར་ལས་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཧ་ཅང་ཁག་པོ་ཡོད་ཅིང་། འདི་ནི་ལོ་སིའི་ལང་པོ་ལ་པང་ཞིང་ཆེན་དང་དབན་ཤང་ཞིང་ཆེན་དབར་གྱི་སེན་ཚུན་ཕུག་ལམ་གཉིས་པ་ཡིན་པ།