《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月02日

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཁྲལ་བསྡུའི་ཞིབ་སྲོལ(2020)》2020ལོའི་ཟླ་1ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་2019ལོའི་ཟླ་12ཚེས་30ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། 2019ལོའི་ཟླ་12ཚེས་30ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་བསྡུའི་ཞིབ་སྲོལ་ཨུ་ལྷན་གཞུང་དོན་ཁང་ནས་གསར་འགོད་པར་ཤེས་རྟོགས་བྱུང་གསལ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་སྒོ་ཁྲལ་སྲོལ་ཡིག》དང་དེ་བཞིན་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་བསྡུའི་ཞིབ་སྲོལ་ཨུ་ལྷན་གྱིས་ཉིན་ཤས་གོང་སྤྱི་བསྒྲགས་འགྲེམས་སྤེལ་བྱས་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཁྲལ་བསྡུའི་ཞིབ་སྲོལ(2020)》ཡོངས་བསྒྲགས་བྱས་པ་དང་འབྲེལ་2020ལོའི་ཟླ་1ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཁྲལ་བསྡུའི་ཞིབ་སྲོལ(2020)》གྱི་གཟིགས་སྐྱོང་ཆེ་ཤོས་རྒྱལ་ཁབ་ཀྱི་ཁྲལ་ཚད་དང་། ནང་འདྲེན་གྱི་གནས་སྐབས་གཏན་འཁེལ་ཁྲལ་ཚད། གྲོས་ཆོད་ཁྲལ་ཚད། དམིགས་བསལ་གཟིགས་སྐྱོང་ཁྲལ་ཚད་བཅས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཁྲལ་བསྡུའི་ཞིབ་སྲོལ(2019)》རྨང་གཞིའི་ཐོག 《ནང་འདྲེན་ཐད་ཀྱི་གནས་སྐབས་གཏན་འཁེལ་ཁྲལ་ཚད་སོགས་ཀྱི་སྙོམས་སྒྲིག་ཇུས་གཞིའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་བསྡུའི་ཞིབ་སྲོལ་ཨུ་ལྷན་གྱི་བརྡ་ཐོ》གཞིར་བཟུང་ནས་སྙོམས་སྒྲིག་བྱས་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཁྲལ་བསྡུའི་ཞིབ་སྲོལ(2020)》ཁྲོད་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཁྲལ་བསྡུའི་དཀར་ཆག་2019ལོའི་པར་གཞི་དང་གཅིག་མཚུངས་ཡིན་ལ་སྙོམས་སྒྲིག་བྱས་མེད་པ་རེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཁྲལ་བསྡུའི་ཞིབ་སྲོལ(2020)》ཁྲོད་ཡོངས་བསྒྲགས་བྱས་པའི་ཁྲལ་བསྡུའི་དཀར་ཆག་དང་ཁྲལ་ཚད་ཕུད། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་སོགས་ཕྱིར་གཏོང་ནང་འདྲེན་སྒོ་ཁྲལ་གྱི་ཁྲལ་བསྡུའི་དཀར་ཆག་དང་ཁྲལ་ཚད་སྙོམས་སྒྲིག་བྱེད་ཐད་གཏན་འབེབས་གཞན་ཡོད་རིགས་སྔར་བཞིན་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་སོགས་གཞིར་བཟུང་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད། (དམ་ཆོས་མི་ཕམ་གྱིས་བསྒྱུར་ཅིང་པ་སངས་སྒྲོན་ལགས་ཀྱིས་ཞུས)