《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月02日

གྲངས་གཞིའི་ཐོག་ནས་2019ལོའི་ཀྲུང་གོའི་ཕྱི་འབྲེལ་ལ་ལྟ་བ།

2019ལོར་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་དུས་སུ་ཀྲུང་གོའི་ཕྱི་འབྲེལ་མུ་མཐུད་རླུང་བརྟེན་རླབས་གཤགས་ངང་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱས་པས་འཕེལ་རིམ་གསར་པ་རབ་དང་རིམ་པ་བྱུང་སྟེ། གྲུབ་འབྲས་གསར་པ་འབོར་ཆེན་ཐོབ་ཡོད།

ང་ཚོས་གྲངས་གཞིའི་ཚོར་བརྟེན་ནས་ལོ་འདིའི་ཀྲུང་གོའི་ཕྱི་འབྲེལ་གྱི“བཀྲག་མདངས་ཆེ་བའི་དུས”ལ་དྲན་གསོ་བྱེད་རྒྱུ་ཡིན།

རྒྱལ་དོན་འཚམས་འདྲིར་ཐེངས་7ཕེབས་པ།

ལོ་འདིའི་ནང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་དབྱི་ཐ་ལི་དང་། མོ་ན་ཁོ། ཧྥ་རན་སེ། ཨུ་རུ་སུ། ཁེར་་་ཐན། ཐ་ག་་ཐན་སོགས་སུ་རྒྱལ་དོན་འཚམས་འདྲི་ཐེངས་བདུན་གནང་བ་དང་སྦྲགས་རྒྱལ་ཁབ་12ཀྱི་འཚམས་ལན་ཡང་གནང་བ་རེད། ཕྱི་རྒྱལ་དུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་སོགས་རྒྱལ་སྤྱིའི་ཚོགས་འདུ་གལ་ཆེན་མང་པོར་ཞུགས་པ་དང་། ཟླ་དྲུག་པ་ཁོ་ནར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནུབ་ཀྱི་ཨུ་རུ་སུ་དང་ཨེ་ཤེ་ཡ་དབུས་མར་ཕེབས་པ་དང་། ཤར་གྱི་ཁྲའོ་ཞན་དང་རི་པིན་དུ་ཕེབས་ནས་གཅིག་མཇུག་གཉིས་མཐུད་ངང་འཚམས་འདྲི་གནང་བས་ཀྲུང་གོ་གསར་པའི་ཕྱི་འབྲེལ་ལོ་རྒྱུས་ཐོག་གི་ཟིན་ཐོ་གསར་པ་བཏོད་གནང་ཡོད།

དཔྱད་བརྗོད། གཙོ་བདག་གི་ཕྱི་འབྲེལ་གྱི་སྣེ་ཁྲིད་བྱས་ནས་ཀྲུང་གོས་རྒྱལ་ཁབ་ཆེན་པོ་གཙོ་བོའི་དབར་གྱི་འབྲེལ་བ་ཟབ་ཏུ་ཧུར་ཐག་གཏོང་བ་དང་། ཉེ་འཁོར་རྒྱལ་ཁབ་དབར་གྱི་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་དང་ཁེ་ཕན་མཉམ་འདྲེས་ཕྱོགས་ཡོངས་ནས་གཏིང་ཟབ་ཡོང་བ་བྱེད་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཐུན་སྒྲིལ་དང་མཛའ་གྲོགས་ཟབ་ཏུ་གཏོང་བ། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བརྟན་པོ་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་སྔར་བས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ཡོད།

ཞལ་འཛོམས་ཐེངས་14གནང་བ།

ཉིན་གཅིག་ལ་ཕྱོགས་གཉིས་ཀྱི་ཞལ་འཛོམས་ཐེངས་14གནང་ཞིང་། 2019ལོའི་ཟླ་4ཚེས་25ཉིན“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་འགོ་ཚུགས་གྲབས་ཡོད་པའི་ཉིན་དེར་ཀྲུའུ་ཞི་ཞི་ཅིན་ཕིང་གི“མཛད་བྲེལ་སྟོན་གྲངས”ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་དེ་སྐུ་ངལ་གསོ་ཁོམ་གཏན་ནས་མེད་པའི་མཛད་བྲེལ་རྣམ་པར་དངོས་སུ་འགྱུར་བ་དང་། རང་སའི་ཕྱི་འབྲེལ་གྱི་གོ་སྐབས་སྤྱད་དེ་ཚོགས་འདུར་ཕེབས་མཁན་ཕྱི་རྒྱལ་གྱི་སྲིད་དོན་མི་སྣ་གཙོ་གྲས་དང་ཞལ་འཛོམས་ཐེངས་མང་གནང་རྒྱུ་ནི་སྔ་ས་ནས་ཀྲུང་གོའི་གཙོ་བདག་གི་ཕྱི་འབྲེལ་གྱི་རྒྱུན་རྣམ་དུ་གྱུར་ཡོད།

དཔྱད་བརྗོད། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་ནས་པེ་ཅིང་འཛམ་གླིང་སྐྱེད་ཚལ་སྒྱུ་རྩལ་སྟོན་ཚོགས་བར་དང་། ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་ནས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་བར་གྱི“རང་སའི་ཕྱི་འབྲེལ”འདི་ཉིད་དུས་རབས་གསར་པའི་ཀྲུང་གོའི་ཕྱི་འབྲེལ་གྱི་བཀྲག་མདངས་འཚེར་སའི་མིང་བྱང་དུ་འགྱུར་བ་དང་། དེ་ལས་ཀྲུང་གོ་འཛམ་གླིང་གར་སྟེགས་དབུས་སུ་རིམ་བཞིན་སྐྱོད་པའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུ་མཚོན་ཐུབ།

ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་180ཡོད་པ།

ཟླ་9ཚེས་21ཉིན་་་ན་ང་མ་དང་ཕྱི་འབྲེལ་བཙུགས་པ་དང་། ཟླ་9ཚེས་27ཉིན་ཁེ་རི་པ་སིའི་དབར་གྱི་ཕྱི་འབྲེལ་འབྲེལ་བ་སླར་གསོ་བྱས་པ། 2019ལོར་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་180བར་མང་དུ་ཕྱིན་ཡོད།

དཔྱད་བརྗོད། 2016ལོ་ཚུན་ཀམ་པི་ཡ་དང་། ་་་དང་་ན་་། ཕ་ན་མ་སོགས་རྒྱལ་ཁབ་8དང་ཀྲུང་གོའི་དབར་ཕྱི་འབྲེལ་འབྲེལ་བ་སྔ་རྗེས་སུ་བཙུགས་པའམ་སླར་གསོ་བྱས་ནས་ཀྲུང་གོའི“གྲོགས་ཚོགས”སྔར་བས་མང་དུ་ཕྱིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཐོག“ཀྲུང་གོ་གཅིག”གི་ཐུན་མོང་ངོས་འཛིན་སྔར་བས་ཟབ་ཏུ་ཕྱིན་ཡོད། འདི་དག་ནི་ཀྲུང་གོའི་ཕྱོགས་བསྡུས་རྒྱལ་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་ལས་བྱུང་བ་ཞིག་རེད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡང་དག་པའི་བདེན་ཁེའི་ལྟ་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ་སོགས་ཀྱི་ཀྲུང་གོའི་འདུ་ཤེས་རབ་དང་རིམ་པ་དང་ཀྲུང་གོའི་ཇུས་གཞིར་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་བྱུང་བ་ཞིག་ཀྱང་དེ་བས་རེད།

མཉམ་ལས་ཡིག་ཆའི་བསྡོམས་གྲངས་199ཟིན་པ།

2019ལོར་ཀྲུང་གོས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་16དབར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པ་དང་། ཡིག་ཆའི་བསྡོམས་གྲངས་199བར་མང་དུ་ཕྱིན་ཡོད། དེ་དང་དུས་མཚུངས་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་ཁོངས་མིའི་གྲངས་འབོར་ཡང་100བར་མང་དུ་ཕྱིན་པ་དང་། ཀྲུང་ཡོའི་དུས་གཏན་མེ་འཁོར་རིམ་རྩིས་བྱས་ན་ཐེངས་གྲངས་ཁྲི་2ཙམ་བཏང་བ་ལ་སོགས་རེད།

དཔྱད་བརྗོད། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བྱེད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་དྲུག་སོང་རིང་། དུས་འགོའི་ཕན་འབྲས་འབོར་ཆེན་ཞིག་ཐོབ་ཡོད། རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ཤུགས་དང་། བདེན་སེམས་འགུགས་ཤུགས། མཉམ་ལས་ཀྱི་ཡིད་དབང་འཕྲོག་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཏེ་དེང་གི་འཛམ་གླིང་ཐོག་སྐྱེ་བོ་ཀུན་གྱིས་དགའ་ཤོས་བྱེད་པའི་སྤྱི་པའི་ཐོན་རྫས་དང་གཞི་ཁྱོན་ཆེ་ཤོས་ཀྱི་དཔལ་འབྱོར་མཉམ་ལས་ལས་སྟེགས་སུ་གྱུར་ཡོད། འབྱུང་འགྱུར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་སྐབས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བའི་ཁ་ཕྱོགས་སུ་བརྟན་པོའི་ངང་རྒྱང་རིང་དུ་སྐྱོད་ཐུབ།

འདོད་མཐུན་གྲོས་ཡིག་བཞག་པའི་ཚོང་འགྲིག་དངུལ་འབོར་ཨ་སྒོར་དུང་ཕྱུར་711.3ཟིན་པ།

ཟླ་11ཚེས་10ཉིན་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་མཇུག་འགྲིལ་ཞིང་། ཉིན་དྲུག་ནང་རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས་181མཉམ་དུ་སྟོན་ཚོགས་ནང་ཞུགས་པ་དང་། ཁེ་ལས་3800ལྷག་ཙམ་དང་རྒྱལ་ཁབ་ཕྱི་ནང་གི་ཆེད་ལས་ཉོ་གྲུབ་ཚོང་པ་ཁྲི་50ཙམ་འགྲེམས་སྟོན་ནང་ཞུགས་ཡོད། ལོ་གཅིག་ལ་བརྩིས་ནས་རིམ་རྩིས་བྱས་ན། འདོད་མཐུན་གྲོས་ཡིག་བཞག་པའི་ཚོང་འགྲིག་དངུལ་འབོར་ཨ་སྒོར་དུང་ཕྱུར་711.3ཟིན་ཡོད།

དཔྱད་བརྗོད། ཁྲོམ་རའི་སྒོ་མོ་དབྱེ་རྒྱ་མུ་མཐུད་ཆེ་རུ་བཏང་བ་དང་། སྒོ་དབྱེའི་རྣམ་པ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་བ། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་བ་སོགས་འཛམ་གླིང་གི་དཔལ་འབྱོར་ལེགས་སྒྲིག་གཏིང་ཟབ་བྱེད་པ་དང་ཕྱོགས་རྐྱང་རིང་ལུགས་དང་ཚོང་དོན་སྲུང་སྐྱོང་རིང་ལུགས་ཀྱི་མགོ་བོ་འབུད་པའི་རྒྱབ་ལྗོངས་འོག་ཀྲུང་གོས་རང་འགུལ་ངང་འཛམ་གླིང་ལ་ཁྲོམ་རའི་སྒོ་མོ་ཕྱེ་སྟེ། འཛམ་གླིང་དང་མཉམ་དུ་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་ལོངས་སྤྱོད་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཚོང་དོན་རང་མོས་ཅན་དང་དཔལ་འབྱོར་གོ་ལ་ཅན་ལ་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱེད་པ་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གྱི་རྣམ་པ་ཞིག་བསྐྲུན་རྒྱུར་མཐའ་གཅིག་ཏུ་གཞོལ་ནས་འགན་འཁུར་བའི་རྒྱལ་ཁབ་ཆེན་པོའི་བག་ཕེབས་ཡིད་ཆེས་དང་ལོ་རྒྱུས་ཀྱི་འགན་སེམས་མངོན་པར་བྱས་ཡོད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་29ཉིན་འབྱོར་པའི་གློག་འཕྲིན)

(རིག་རྡོར་གྱིས་བསྒྱུར། སྐལ་མཆོག་གིས་ཞུས)