《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月31日

ཤིན་ཧྭ་གསར་འགྱུར་ཁང་ལུས་རྩལ་པུས།

བདམས་པའི་2019ལོའི་རྒྱལ་སྤྱིའི་ལུས་རྩལ་པ་རྩེ་གྲ་བཅུ།

(1)མའེ་ཤིས(ཨ་ཀེན་ཐིན། ལོ32 སྐྱེས་པའི་རྐང་རྩེད་སྤོ་ལོའི་ལུས་རྩལ་པ)

འདི་ནི་2019ལོའི་ཟླ་12ཚེས་2ཉིན་མའེ་ཤིས་ཀྱིས“གསེར་གྱི་སྤོ་ལོའི་བྱ་དགའི”བུམ་པ་དང་མཉམ་དུ་པར་རྒྱག་བཞིན་པ།

(2)ཀྲུའུ་ཐིང(ཀྲུང་གོ ལོ་25 བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་ལུས་རྩལ་པ)

འདི་ནི་2019ལོའི་ཟླ་9ཚེས་29ཉིན་ཀྲུང་གོའི་རུ་ཁག་གི་རུ་མི་ཀྲུའུ་ཐིང་གིས་རི་པིན་ཏ་པན་དུ་གཉེར་བའི་2019ལོའི་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་ཚར་རྗེས་པར་རྒྱག་བཞིན་པ།

(3)ལཱ་ཧྥེར·ནཱ་ཏར(སི་ཕེན། ལོ་33 སྐྱེས་པའི་དྲ་བའི་སྤོ་ལོའི་ལུས་རྩལ་པ)

འདི་ནི་2019ལོའི་ཟླ་6ཚེས་9ཉིན་ཧྥ་རན་སེའི་ཕ་རི་སིར་གཉེར་བའི་2019ལོའི་ཧྥ་རན་སེའི་དྲ་བའི་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་གྱི་སྐྱེས་པའི་རྐྱང་རྒྱག་མཐའ་བསྡུར་ནང་སི་ཕེན་གྱི་བདམས་ཐོན་པ་ནཱ་ཏར་གྱིས་3བསྡུར་1གི་བསྡུར་གྲངས་ཐོག་ནས་ཨོ་སི་ཁྲུ་རི་ཡའི་བདམས་ཐོན་པ་ཏི་མུའུ་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བླངས་པའི་གནས་ཚུལ་ཡིན་པ།

(4)ཨའེ་ལུའུ་ཏེ·ཅི་ཕུའུ་ཆའོ་ཀེ(ཁེན་ནི་ཡ། ལོ་35 སྐྱེས་པའི་རྒྱང་རྒྱུག་ལུས་རྩལ་པ)

ཟླ་10ཚེས་12ཉིན་མར་སུན་རྒྱང་རྒྱུག་གི་འཛམ་གླིང་ཟིན་ཐོ་བཏོད་མཁན་ཁེན་ནི་ཡའི་རྒྱང་རྒྱུག་ལུས་རྩལ་པ་ཨའེ་ལུའུ་ཏེ·ཅི་ཕུའུ་ཆའོ་ཀེས་ཝི་ཨེན་ནར་ཆུ་ཚོད་1དང་སྐར་མ་59སྐར་ཆ་40གྲངས་ཆུང་2ཀྱི་ཐོག་ནས་མར་སུན་རྒྱང་རྒྱུག་ལམ་ཚད་ཧྲིལ་པོ་ཆུ་ཚོད་2ནང་རྒྱུག་ཡོད། འདི་ནི་2019ལོའི་ཟླ་10ཚེས་12ཉིན་ཨའེ་ལུའུ་ཏེ·ཅི་ཕུའུ་ཆའོ་ཀེ་འགྲན་བསྡུར་གྱི་མཐའ་མའི་ས་ཚིགས་སུ་ཤོར་ཡོང་བཞིན་པ།

(5)ལིའུ་དབྱི་སི·ཧན་སྨིར་ཏུན(དབྱིན་ཇི། ལོ་34 སྐྱེས་པའི་འགྲན་འཁོར་གྱི་ལུས་རྩལ་པ)

འདི་ནི་2019ལོའི་ཟླ་4ཚེས་14ཉིན་ཧྲང་ཧའེ་རུ་གཉེར་བའི་2019ལོའི་F1ཀྲུང་གོའི་བྱ་དགའ་ཆེ་མོའི་འགྲན་བསྡུར་ཁྲོད་མེ་སའེ་ཏེ་སི་རླངས་འཁོར་རུ་ཁག་གི་དབྱིན་ཇིའི་འགྲན་འཁོར་གཏོང་མཁན་ཧན་སྨིར་ཏུན་གྱིས་ཆུ་ཚོད་1དང་སྐར་མ་32སྐར་ཆ་06གྲངས་ཆུང་350ཡི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་པ།

(6)ཤིས་མོང་·པེར་སེ(ཨ་རི། ལོ་22 བུད་མེད་ཀྱི་ལུས་སྦྱོང་ལུས་རྩལ་པ)

འདི་ནི་2019ལོའི་ཟླ་10ཚེས་10ཉིན་ཨ་རིའི་བདམས་ཐོན་པ་པེར་སེས་འཇར་མན་གྱི་སི་ཐུའུ་ཅ་ཐེ་རུ་གཉེར་བའི་འཛམ་གླིང་ལུས་སྦྱོང་ལེགས་སྐྱེས་འགྲན་བསྡུར་སྐབས་49པའི་བུད་མེད་ཀྱི་ཀུན་ནུས་མཐའ་བསྡུར་ཚར་རྗེས་རྟེན་འབྲེལ་ཞུ་བཞིན་པ།

(7)ལེ་ཁའེ་པུའུ·ཏེ་ལེ་སེར(ཨ་རི། ལོ་23 སྐྱེས་པའི་ཆུ་རྐྱལ་ལུས་རྩལ་པ)

འདི་ནི་2019ལོའི་ཟླ་7ཚེས་26ཉིན་ཧན་གོའི་ཀོང་ཀྲོའུ་རུ་གཉེར་བའི་2019ལོའི་རྒྱལ་སྤྱིའི་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་ཆུ་རྐྱལ་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་སྨི་100ཡི་ཕྱེ་ལེབ་ཆུ་རྐྱལ་གྱི་ཕྱེད་བསྡུར་ཚར་རྗེས་ཨ་རིའི་བདམས་ཐོན་པ་ལེ་ཁའེ་པུའུ·ཏེ་ལེ་སེར་གྱིས་སྐར་ཆ་49དང་གྲངས་ཆུང་50ཡི་གྲུབ་འབྲས་ཐོག་ནས་འཛམ་གླིང་གི་ཟིན་ཐོ་བཏོད་པ་དང་སྦྲགས་མཐའ་བསྡུར་ནང་ཚུད་པར་རྟེན་འབྲེལ་ཞུ་བཞིན་པ།

(8)མའེ་ཀེན·ལ་ཕི་ནོ(ཨ་རི། ལོ་34 བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་ལུས་རྩལ་པ)

འདི་ནི་2019ལོའི་ཟླ་7ཚེས་7ཉིན་ཧྥ་རན་སེའི་གྲོང་ཁྱེར་ལི་ཨང་དུ་གཉེར་བའི་2019ལོའི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་འཛམ་གླིང་བུམ་པའི་མཐའ་བསྡུར་ནང་ཨ་རིའི་རུ་ཁག་གིས་2བསྡུར་0གྱི་བསྡུར་གྲངས་ཐོག་ནས་ཧོ་ལན་རུ་ཁག་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བླངས་པ།

(9)མ་ཁེ·ཅ་སོར(སི་ཕེན། ལོ་34 སྐྱེས་པའི་ལན་ཆིའུ་སྤོ་ལོའི་ལུས་རྩལ་པ)

འདི་ནི་2019ལོའི་ཟླ་9ཚེས་15ཉིན་པེ་ཅིང་དུ་གཉེར་བའི་2019ལོའི་རྒྱལ་སྤྱིའི་ལན་ཆིའུ་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལན་ཆིའུ་སྤོ་ལོའི་འཛམ་གླིང་བུམ་པའི་མཐའ་བསྡུར་ནང་སི་ཕེན་རུ་ཁག་གིས་95བསྡུར་75ཡི་བསྡུར་གྲངས་ཐོག་ནས་ཨ་ཀེན་ཐིན་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བླངས་པ།

(10)ཞེ་ལི·ཨན·ཧྥུའུ་ལེ་ཙེ(ཅ་མེ་ཁ། ལོ་32 བུད་མེད་ཀྱི་ཐུང་རྒྱུག་ལུས་རྩལ་པ)

འདི་ནི་2019ལོའི་ཟླ་9ཚེས་29ཉིན་ཧྥུའུ་ལེ་ཙེས་ཁ་ཐར་གྱི་ཏེ་ཧ་རུ་གཉེར་བའི་2019ལོའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་ལེགས་སྐྱེས་འགྲན་བསྡུར་གྱི་བུད་མེད་ཀྱི་སྨི་100ཡི་རྣམ་གྲངས་ཀྱི་མཐའ་བསྡུར་ནང་སྐར་ཆ་10དང་གྲངས་ཆུང་71གི་གྲུབ་འབྲས་ཐོག་ནས་བུད་མེད་ཀྱི་སྨི་བརྒྱའི་མཐའ་བསྡུར་གྱི་ཨང་དང་པོ་བླངས་པ།