《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月31日

ཤིན་ཧྭ་གསར་འགྱུར་ཁང་ལུས་རྩལ་པུས།

བདམས་པའི་2019ལོའི་རྒྱལ་སྤྱིའི་ལུས་རྩལ་གྱི་གསར་འགྱུར་ཆེན་པོ་བཅུ།

(གནས་ཚུལ་སྤེལ་བའི་དུས་ཚོད་སྔ་ཕྱིའི་གོ་རིམ་གཞིར་བཟུང་བསྒྲིགས་པ)

1.ལི་ཝུའུ་ཕུའུ་ལ་ལོ་14ཡི་རྗེས་ཡོ་རོབ་ཀྱི་རྐང་རྩེད་སྤོ་ལོའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ།

འདི་ནི་ཟླ་6ཚེས་1ཉིན་ལི་ཝུའུ་ཕུའུ་རུ་ཁག་གི་རྐང་རྩེད་སྤོ་ལོའི་རུ་མིས་སི་ཕེན་གྱི་མ་ཏེ་རིར་སྤེལ་བའི་2018ལོ་དང་2019ལོའི་འགྲན་དུས་ཀྱི་ཡོ་རོབ་ཀྱི་རྐང་རྩེད་སྤོ་ལོའི་རྒྱལ་ཕམ་ཐག་གཅོད་ཀྱི་རིམ་མཚུངས་མཉམ་འགྲན་ནང་ཨང་དང་པོ་བླངས་རྗེས་རྟེན་འབྲེལ་ཞུ་བ།

2.སྨི་ལན་དང་ཁོར་ཏི་ན་ཏན་ཧྥེ་ཙོ་ལ་2026ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་དབང་རག་པ།

འདི་ནི་ཟླ་6ཚེས་24ཉིན་སུའེ་ཙེར་གྱི་ལུའོ་སང་དུ་འཚོགས་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་134ཡི་ཐོག་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པ་ཧོ་ཡིས་དབྱི་ཐ་ལིའི་སྨི་ལན་དང་ཁོར་ཏི་ན་ཏན་ཧྥེ་ཙོ་ལ་2026ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་དབང་རག་པའི་ཁྱབ་བསྒྲགས་བྱས་པ།

3.ཨ་རིའི་རུ་ཁག་ལ་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་ཨང་དང་པོ་སླར་ཡང་ཐོབ་པ།

འདི་ནི་ཟླ་7ཚེས་7ཉིན་ཨ་རིའི་རུ་ཁག་གིས་ཧྥ་རན་སེའི་གྲོང་ཁྱེར་ལི་ཨང་དུ་གཉེར་བའི་2019ལོའི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་འཛམ་གླིང་བུམ་པའི་མཐའ་བསྡུར་ནང་ཨང་དང་པོ་ཐོབ་པར་རྟེན་འབྲེལ་ཞུ་བ།

4.ནཱ་ཏར་དང་ཅའོ་ཁོ་ཝུའེ་ཆི་ལ་2019ལོའི་དྲ་བའི་སྤོ་ལོའི་ཨང་དང་པོ་བཞི་རག་པ།

① འདི་ནི་ཟླ་9ཚེས་8ཉིན་ནཱ་ཏར་གྱིས་2019ལོའི་ཨ་རིའི་དྲ་བའི་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་གྱི་སྐྱེས་པའི་རྐྱང་རྒྱག་མཐའ་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་བྱ་དགའི་བུམ་པ་འདེགས་པ།

② འདི་ནི་ཟླ་7ཚེས་14ཉིན་ཅའོ་ཁོ་ཝུའེ་ཆི་ཡིས་2019ལོའི་ཝུན་པུར་ཏེང་དྲ་བའི་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་གྱི་སྐྱེས་པའི་རྐྱང་རྒྱག་མཐའ་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་བྱ་དགའི་བུམ་པར་འོ་བྱེད་བཞིན་པ།

③ འདི་ནི་ཟླ་1ཚེས་27ཉིན་ཅའོ་ཁོ་ཝུའེ་ཆི་ཡིས་2019ལོའི་ཨོ་སི་ཁྲུ་ལི་ཡའི་དྲ་བའི་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་གྱི་སྐྱེས་པའི་རྐྱང་རྒྱག་མཐའ་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་བྱ་དགའི་བུམ་པར་འོ་བྱེད་བཞིན་པ།

④ འདི་ནི་ཟླ་6ཚེས་9ཉིན་ནཱ་ཏར་གྱིས་2019ལོའི་ཧྥ་རན་སེའི་དྲ་བའི་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་གྱི་སྐྱེས་པའི་རྐྱང་རྒྱག་མཐའ་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་བྱ་དགའི་བུམ་པ་འདེགས་པ།

5.ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གིས་འཛམ་གླིང་བུམ་པའི་ཨང་དང་པོ་བསྟུད་མར་བླངས་པ།

ཟླ་9ཚེས14ནས་29ཉིན་བར་ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གིས་འགྲན་བསྡུར་ཐེངས་11ཚང་མར་རྒྱལ་ཁ་བླངས་ནས་སྐབས་13པའི་རྒྱལ་སྤྱིའི་ཕའེ་ཆིའུ་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་འཛམ་གླིང་བུམ་པའི་ཨང་དང་པོ་སླར་ཡང་ཐོབ་པ་དང་འཛམ་གླིང་གི་འགྲན་བསྡུར་ཆེན་པོ་གསུམ(ཨོ་རྩལ་འགྲན་ཚོགས་དང་། འཛམ་གླིང་ལེགས་སྐྱེས་འགྲན་བསྡུར། འཛམ་གླིང་བུམ་པ)གྱི་ཨང་དང་པོ་ཐེངས་བཅུ་པ་དེ་བླངས་པ།

6.པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་གཡང་རྟེན་ཁྱབ་བསྒྲགས་བྱས་པ།

འདི་ནི་པེ་ཅིང་གི་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་གཡང་རྟེན“པིན་ཏུན་ཏུན”(གཡོན)དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་གཡང་རྟེན“ཞོལ་རུང་རུང”ཡིན་པ།

7.མའེ་ཤིས་འཛམ་གླིང་རྐང་རྩེད་སྤོ་ལོའི་སྐུ་ཞབས་དང་གསེར་གྱི་སྤོ་ལོའི་བྱ་དགའ་ཐེངས་དྲུག་ཐོབ་མཁན་རྐང་རྩེད་སྤོ་ལོ་རྒྱག་མཁན་དང་པོར་གྱུར་པ།

འདི་ནི་ཟླ་12ཚེས་2ཉིན་མའེ་ཤིས་ཀྱིས“གསེར་གྱི་སྤོ་ལོའི་བྱ་དགའི”བུམ་པ་དང་མཉམ་དུ་པར་རྒྱག་པ།

8.ཅི་ཕུའུ་ཆའོ་ཀེ་ཡིས་མར་སུན་རྒྱང་རྒྱུག་ཆུ་ཚོད་གཉིས་ནང་རྒྱུག་པ།

འདི་ནི་ཟླ་10ཚེས་12ཉིན་མར་སུན་རྒྱང་རྒྱུག་གི་འཛམ་གླིང་ཟིན་ཐོ་གཏོད་མཁན་ཁེན་ནི་ཡའི་རྒྱང་རྒྱུག་ལུས་རྩལ་པ་གྲགས་ཅན་ཨའེ་ལུའུ་ཏེ·ཅི་ཕུའུ་ཆའོ་ཀེ་ཡིས་ཨོ་སི་ཁྲུ་རི་ཡའི་གྲོང་ཁྱེར་ཝི་ཨེན་ནར་མར་སུན་རྒྱང་རྒྱུག་འགྲན་བསྡུར་ནང་ཆུ་ཚོད་1དང་སྐར་མ་59དང་སྐར་ཆ་40གྲངས་ཆུང་2ཀྱི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་པ།

9.དབྱིན་ཇིའི་འགྲན་འཁོར་གཏོང་མཁན་ཧན་སྨིར་ཏུན་གྱིས་F1གི་ལོ་འཁོར་གྱི་ཨང་དང་པོ་ཐེངས་དྲུག་བླངས་པ།

ཟླ་12ཚེས་1ཉིན་2019ལོའི་F1འགྲན་བསྡུར་གྱི་མཇུག་འགྲིལ་འགྲན་བསྡུར་ཨབ་ཀྲ་པེར་མཇུག་འགྲིལ་བ་རེད། ཧན་སྨིར་ཏུན་གྱིས་སྐར་མ་413གྱི་ཐོག་ནས་F1གི་ལོ་རྒྱུས་ཀྱི་འགྲན་དུས་རྐྱང་པའི་སྐར་གྲངས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ནས་ལོ་འཁོར་གྱི་ཨང་དང་པོ་ཐེངས་དྲུག་པ་བླངས་པ།

10.WADAཡིས་ཨུ་རུ་སུ་ལོ་བཞི་འགྲན་བསྡུར་ནང་ཞུགས་མི་ཆོག་པའི་གཏན་འབེབས་བྱས་པ།

ཟླ་12ཚེས་9ཉིན་མོ་སི་ཁོའི་ངར་ཤུགས་སྐྱེད་སྨན་འགོག་པའི་ཚོད་ལྟ་ཁང་གིས་གྲངས་གཞི་རྫུས་མ་བཏོན་པར་བརྟེན་འཛམ་གླིང་ངར་ཤུགས་སྐྱེད་སྨན་འགོག་པའི་སྒྲིག་གཞིས(WADA)ཨུ་རུ་སུ་ལོ་བཞི་རྒྱལ་སྤྱིའི་འགྲན་བསྡུར་ཆེན་པོར་ཞུགས་མི་ཆོག་པའི་གཏན་འབེབས་བྱས་པར་ཨུ་རུ་སུས་རྒོལ་གཏམ་དྲག་པོ་བཏང་བ།