《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月30日

“ཚལ་འདེབས་རིགས་གཅིག་མཁས་ཅན”ཏུའུ་ཀྲུང་ཕིང་གིས།

ས་མཐོ་འདི་ཉིད་སྔོ་ཚལ་འདེབས་ཁུལ་གྱི “གནས་མཆོག”ཅིག་ཏུ་གཏོད་པ།

མིག་སྔར། དཔེ་སྟོན་གླིང་དེ་པའེ་ཅཱ་གྲོང་ཚོ་དང་ཧྲེན་ཅཱ་གྲོང་ཚོ་སོགས་སྲིད་འཛིན་གྲོང་ཚོ་བཞིའི་བར་རྒྱ་བསྐྱེད་ཅིང་། ཁྱོན་ཚད་གཞི་མཐོ་བའི་སྔོ་ཚལ་དྲོད་ཁང་ཆེ་མོ་1512བསྐྲུན་ནས། སུར་པན་སོགས་ཁྱད་ལྡན་སྔོ་ཚལ་མུའུ་1512བཏབ་པར་མུའུ་རེའི་ཐོན་འབབ་མང་ཤོས་སྤྱི་རྒྱ་ཁྲི་1ཟིན་པ་དང་། 2018ལོའི་སྤྱིའི་ཐོན་འབབ་ཏུན་ཁྲི་1.63ཟིན་པར་དཔལ་འབྱོར་ཕན་འབྲས་སྒོར་ཁྲི་3000ལྷག་བྱུང་བ་དང་མི(ཐེངས)5680ལས་ཞུགས་ཐུབ་པ་རེད།

སྔོ་ཚལ་སྣ་ཁ་གསར་པ་བཏོད་ཅིང་། “ཐོན་མཐོའི་འདེབས་འཛུགས”ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ།

ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡན་ཟིན་པའི་མཚོ་སྔོན་ཞིང་ཆེན་ནི་ལོ་རྒྱུས་ཐོག་སྔོ་ཚལ་འདེབས་འཛུགས་དཀའ་བའི་གནས་ཞིག་ཡིན། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་ནང་། མཚོ་སྔོན་ཤར་རྒྱུད་དུ་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཏོང་འགོ་ཚུགས་ཤིང་། ཞིང་ལས་ལག་རྩལ་ཞིབ་འཇུག་བྱ་རྒྱུར་དགའ་བའི་ཏུའུ་ཀྲུང་ཕིང་གིས་ཀྱང་སྐབས་དེ་ནས་བཟུང“ས་མཐོར་སྔོ་ཚལ་འདེབས་རྒྱུའི་ཕུགས་འདུན”སྒྲུབ་འགོ་ཚུགས་པ་རེད།

རྨ་ཆུ་དང་ཙོང་ཆུའི་འབབ་རྒྱུད་དུ་གནམ་གཤིས་ཆ་རྐྱེན་ཅུང་ཡག་ལ་ས་རྒྱུའི་ནང་སེའི་གྲུབ་ཆ་ཡང་མང་པོ་ཡོད། མཚོ་སྔོན་ཞིང་ཆེན་ཞིང་ལས་ནགས་ཚལ་ཚན་རིག་ཁང་གི་ཞིབ་འཇུག་པ་ཏུའུ་ཀྲུང་ཕིང་གིས་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཕིང་ཨན་ཆུས“ཚོད་ལྟ་བྱ་ཡུལ”དུ་བདམས་ཐོག་རྟག་པར་གྲོང་གསེབ་ཏུ་བསྐྱོད་དེ་དཔེ་དེབ་དང་ཚོད་ལྟ་ཁང་གི་གྲུབ་འབྲས་ཞིང་ནང་དུ་ལག་ལེན་བྱས་པ་རེད། 2018ལོར། ལོ་51སོན་པའི་ཏུའུ་ཀྲུང་ཕིང་གིས་རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར་སེམས་ནུས་ཡོད་རྒུ་ས་མཐོའི་ཚལ་འདེབས་ཐོན་ལས་ཐད་བཏོན་ཏེ། ཕིང་ཨན་ཆུས་པའེ་ཧྲེན་ཀོའུ་སེ་ལྡན་ཤིང་ཏོག་དང་སྔོ་ཚལ་འདེབས་འཛུགས་དཔེ་སྟོན་གླིང་འཛུགས་སྐྲུན་ལ་རོགས་སྐྱོར་བྱས་པ་རེད།

ཏུའུ་ཀྲུང་ཕིང་གིས་ལྗང་མདོག་དང་། སྐྱེ་ལྡན། སྤྱི་གནོད་མེད་པ་སོགས་ཀྱི་འགག་རྩ་ནས་འགོ་ཚུགས་ཏེ། ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་དང་དཔེ་སྟོན་སྐུལ་ཁྲིད་ཀྱི་ཚལ་འདེབས་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ་རེད། ཏུའུ་ཀྲུང་ཕིང་གིས་གྲོང་མི་ཚོར་སྲོལ་རྒྱུན་གྱི་སྔོ་ཚལ་དང་བསྡུར་ན། ཀྲོ་མ་ཀྲུ་སོགས་ཁྱད་ལྡན་སྔོ་ཚལ་སྤུས་དག་ཅིང་ནད་འགོག་ནུས་པ་ཆེ་བ་མ་ཟད། སྤྱིའི་ཐོན་འབབ་ཀྱང་20%ནས་25%བར་མཐོ་བ་ཡོད་པ་དང་། “ཆུ་ལུད་གཞི་གཅིག་ཅན”ལས་ཆུ་ལུད་གཉིས་མཉམ་དུ་བསྲེས་རྗེས་མདོང་ལམ་བརྒྱུད་སྔོ་ཚལ་གྱི་རྩ་བར་བླུགས་ཚེ། ལུད་གྲོན་ཆུང་ཐུབ་ཚད་25%དང་ཆུ་གྲོན་ཆུང་ཐུབ་ཚད་50%ཟིན་གྱི་ཡོད། དེས་མ་ཟད་ད་དུང་ལས་ཡུན་ཡང་ཕྱེད་ཀ་ཐུང་དུ་གཏོང་ཐུབ་ཅེས་བརྗོད་པ་རེད།

“བརྒྱུད་རོགས་ཁྲིད”གསུམ་བྱས་ནས་ནད་འབུའི་གནོད་འཚེ་ཚན་རིག་དང་མཐུན་པར་འགོག་བཅོས་བྱེད་སྟངས་བསླབས་པ།

འདེབས་འཛུགས་དང་གནོད་མེད་འགོག་བཅོས་ལག་རྩལ་བསླབ་ཆེད། ཏུའུ་ཀྲུང་ཕིང་གིས་ཞིང་ནང་དང་མུ་ཁར་གསོ་སྦྱོང་འཛིན་གྲྭ་བཙུགས་ཤིང་། ཚ་གདུག་འོག་ཁོང་གི་གདོང་གཤིས་ཧ་ཅང་སྨུག་པོ་ཆགས་ཡོད་པ་རེད།

གྲོང་མི་ཚོས། ཏུའུ་ཀྲུང་ཕིང་གིས་སློབ་ཚན་ཁྲིད་པ་དོན་ཟབ་ལ་གོ་བདེ་པོ་ཡོད། ཁོང་གིས་རྟག་ཏུ་མུ་ཟི་རླངས་འགྱུར་དཔྱད་ཆས་སོགས་བྱ་དངོས་གསར་པ་སྤྱད་ནས་འགྲེལ་བཤད་གསལ་པོ་རྒྱག་གི་ཡོད་པས་ང་ཚོས་ནན་ཏན་ཉན་པ་ཡིན་ཞེས་བརྗོད་པ་རེད།

གྲོང་མི་ཚོའི་མིག་ནང་དུ། ཏུའུ་ཀྲུང་ཕིང་ནི་དམ་པ་དོན་གཉེར་དང་ཐོབ་ཤོར་ལ་མི་ལྟ་བའི་མི་གཞུང་དྲང་ཞིག་ཡིན། སྟོན་མཇུག་དང་དགུན་སྟོད་སོགས་ནད་འབུའི་གནོད་པ་མང་བའི་སྐབས་སུ། ཏུའུ་ཀྲུང་ཕིང་གིས་གང་སར་རྒྱུག་ནས་ནད་འབུ་འགོག་བཅོས་བྱེད་ཀྱི་ཡོད། མཚམས་རེར་ཉིན་གཅིག་ནང་གྲོང་མི་ཚོའི་རོགས་ཞུའི་ཁ་པར་བཅུ་གྲངས་འབྱོར་གྱི་ཡོད་པ་རེད།

གཞི་ཁྱོན་ཅན་གྱི་དེང་རབས་ཞིང་ལས་རྟེན་གཞི་འཛུགས་སྐྲུན་བྱས་པ།

མིག་སྔར། དཔེ་སྟོན་གླིང་དེ་པའེ་ཅཱ་གྲོང་ཚོ་དང་ཧྲེན་ཅཱ་གྲོང་ཚོ་སོགས་སྲིད་འཛིན་གྲོང་ཚོ་བཞིའི་བར་རྒྱ་བསྐྱེད་བྱུང་ཞིང་། ཁྱོན་ཚད་གཞི་མཐོ་བའི་སྔོ་ཚལ་དྲོད་ཁང་ཆེ་མོ་1512བསྐྲུན་ནས། སུར་པན་སོགས་ཁྱད་ལྡན་སྔོ་ཚལ་མུའུ་1512བཏབ་པར་མུའུ་རེའི་ཐོན་འབབ་མང་ཤོས་སྤྱི་རྒྱ་ཁྲི་1ཟིན་པ་དང་། 2018ལོའི་སྤྱིའི་ཐོན་འབབ་ཏུན་ཁྲི་1.63ཟིན་པར་དཔལ་འབྱོར་ཕན་འབྲས་སྒོར་ཁྲི་3000ལྷག་བྱུང་བ་དང་མི(ཐེངས)5680ལས་ཞུགས་ཐུབ་ཡོད་པ་རེད།

2019ལོའི་ཟླ་4པར། མཚོ་སྔོན་ཞིང་ཆེན་ཞིང་ལས་ནགས་ཚལ་ཚན་རིག་ཁང་དང་དཔེ་སྟོན་གླིང་དབར་གན་རྒྱ་བཞག་ནས། “རིག་ནུས་རྣམ་པའི་སྒྲིག་བཀོད་སྔོ་ཚལ་གྱི་ཐོན་མཐོའི་ཐོན་སྐྱེད་ལག་རྩལ་བསྡུས་གྲུབ་དང་དཔེ་སྟོན”རྣམ་གྲངས་སྤེལ་འགོ་ཚུགས་ཤིང་། དྲོད་ཁང་ཞིབ་བཟོ་དང་། གནོད་མེད་ནད་འགོག རིག་ནུས་དོ་དམ་སོགས་ཐད་ཁྱད་ལྡན་སྔོ་ཚལ་ཐོན་སྐྱེད་དང་ཚན་རྩལ་ཞིབ་སྤེལ་གཞི་གཅིག་ཏུ་བསྒྲིལ་བའི་དེང་རབས་ཞིང་ལས་རྟེན་གཞི་འཛུགས་སྐྲུན་བྱས་པ་དེ་ནི་ཏུའུ་ཀྲུང་ཕིང་དང་ཚན་རྩལ་མི་སྣ་ཁག་རེ་རེས་འབད་འཐབ་ལྷོད་མེད་བྱས་པའི་གྲུབ་འབྲས་ཡིན་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར་ཅིང་པ་སངས་སྒྲོན་ལགས་ཀྱིས་ཞུས)