《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月30日

2019ལོའི་ཟས་ཀྱི་སྟོན་མོར་དྲན་གསོ་བྱེད། ②

⇐ འདི་ནི་2019ལོའི་ཟླ་9ཚེས་1ཉིན་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པིའི་ཁྲོམ་གཞུང་གི་ཟ་ཁང་ཆུང་ཆུང་ཞིག་ཏུ་བྱིས་པ་ཞིག་གིས་ཏན་ཞིམ་སཱ་མུའོ་སཱ་ཟ་བཞིན་པ། ཁེན་ནི་ཡ་དང་དེ་བཞིན་ཨ་ཧྥེ་རི་ཁ་ཤར་མའི་ས་ཁུལ་གྱི་སྲོལ་རྒྱུན་གྲོ་ཟན་སཱ་མུའོ་སཱ་ནི་ཏན་ཞིམ་ཟུར་གསུམ་མ་ཞིག་ཡིན་ཞིང་། དེ་ནི་བག་ལེབ་སྲབ་པོ་ཞིག་གི་ནང་སྲན་མའི་རིགས་དང་། ཚལ་རིགས། དེ་བཞིན་ལུག་ཤ་དང་ཚགས་ཤ་སོགས་བསྒྲིལ་ནས་སྣུམ་ནང་བསྲེགས་པ་ཞིག་རེད།

⇑ འདི་ནི་2019ལོའི་ཟླ་6ཚེས་14ཉིན་ཆི་ལིའི་དབུས་རྒྱུད་ཨའོ་ཤིས་ཅིན་སིའི་ཁུལ་ཆེན་གྱི་ཧྲེང་ཧྥེར་ནན་ཏོ་ཤིང་ཏོག་ལས་སྣོན་བཟོ་གྲྭར་བཟོ་པས་ལི་ཐུམ་སྒྲིལ་རྒྱག་བཞིན་པ། དེ་ཉིན་ཆི་ལི་ནས་ཐོན་ཞིང་ཀྲུང་གོར་ཕྱིར་གཏོང་བྱ་རྒྱུའི་ལི་ཁག་དང་པོ་ཧྲེང་ཧྥེར་ནན་ཏོ་ནས་རླངས་འཁོར་ནང་བླུགས་ཏེ་གྲུ་ཁར་དབོར་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོར་ཕྱིར་གཏོང་བྱས་པའི་ལི་ཁག་དང་པོར་ཁྱོན་སྣེ་ཁ་4ཡོད་པ་དེ་དག་དོས་སྒམ་30བརྒྱུད་དབོར་འདྲེན་བྱས་པ་དང་དོས་སྒམ་རེར་ལི་ཏུན་20ཡོད་པ་རེད།

⇑ འདི་ནི་2019ལོའི་ཟླ་5ཚེས13ཉིན་ནེའུ་ཙི་ལན་གྱི་རྒྱལ་ས་ཝེ་ལིང་ཐོན་གྱི་རང་བྱུང་བཟོ་སྐྲུན་སློབ་གླིང་དུ་ཕྱི་ཟས་གསོ་སྦྱོང་འཛིན་གྲྭའི་སློབ་མས་བཙོས་མ་ཐག་པའི་ཐུག་པ་རླུང་གཡབ་ཀྱིས་གྲང་སངས་གཏོང་བཞིན་པ། ནེའུ་ཙི་ལན་གྱི་2019ལོའི“ཀྲུང་གོའི་ཡུལ་སྐོར་རིག་གནས་གཟའ་འཁོར”གྱི་རིག་གནས་སྤེལ་རེས་བྱེད་སྒོའི་ཆ་ཤས་ཤིག་ཡིན་པའི་ངོས་ནས། ཀྲུང་གོའི་ཁྲུང་ཆིང་ནས་ཡིན་པའི་མ་བྱན་ཆེ་མོ་བས་ཝེ་ལིང་ཐོན་གྱི་རང་བྱུང་བཟོ་སྐྲུན་སློབ་གླིང་གི་ཕྱི་ཟས་གསོ་སྦྱོང་འཛིན་གྲྭའི་སློབ་མར་ཀྲུང་གོའི་ཟས་མཆོག་ཁྱབ་གདལ་གྱི་སློབ་ཚན་ཞིག་འཚོགས་པ་རེད།

⇑ འདི་ནི་2019ལོའི་ཟླ་2ཚེས་5ཉིན་པེར་ཀྲེམ་གྱི་ཨན་ཐེ་ཝེ་ཕུའུ་གྲུ་ཁར་གྲུ་པ་ཚོས“ཀྲུང་གོ་ཐག་རིང་རྒྱ་མཚོའི་མཚོ་ཐོག་སྐྱེལ་འདྲེན་རྒྱ་ཐུར་སྐར་ཚོམ”རྟགས་ཅན་གྱི་ཟ་ཁང་ནང་ཕྱི་དྲག་པའི་ལོ་གསར་གནམ་གང་གི་ཁ་ལག་ཟ་བཞིན་པ། ཧན་པའོ་གྲུ་ཁ་ནས་ཐོན་པའི་དུས་ཚོད་ཕྱི་དྲག་པའི་དབང་གིས་དོས་སྒམ་བླུགས་པའི་གྲུ་གཟིངས་ཆེ་གྲས“ཀྲུང་གོ་ཐག་རིང་རྒྱ་མཚོའི་མཚོ་ཐོག་སྐྱེལ་འདྲེན་རྒྱ་ཐུར་སྐར་ཚོམ”རྟགས་ཅན་ཟླ་2ཚེས་5ཉིན་དང་ལུགས་རྙིང་ལོའི་ཟླ་བ་དང་པོའི་ཚེས་གཅིག་ཉིན་གྱི་ཐོ་རེངས་ཆུ་ཚོད་གཉིས་པར་ཨན་ཐེ་ཝེ་ཕུའུ་གྲུ་ཁར་འབྱོར་བ་དང་ཐག་རིང་མཚོ་ཐོག་སྐྱེལ་འདྲེན་རུ་མི་ཚོ་དགའ་སྤྲོའི་ངང་ལོ་གསར་གཏོང་ཐུབ་ཙམ་བྱུང་ཡོད།

⇑ འདི་ནི་2019ལོའི་ཟླ་8ཚེས་31ཉིན་ཨོ་སི་ཁྲུ་ལི་ཡའི་རྒྱལ་ས་ཁན་པེ་རར་བདམས་ཐོན་པས་སུར་པན་ཟ་བའི་འགྲན་བསྡུར་ལ་ཞུགས་བཞིན་པ།

⇑ པར་གོང་མ་ནི་2019ལོའི་ཟླ་9ཚེས་25ཉིན་ཨ་ཀེན་ཐིན་གྱི་གཱ་ཐ་མར་གཱ་ཞིང་ཆེན་ཧྲེང་མ་ལི་ཡའི་ཉེ་འགྲམ་གྱི་ཨར་ཁང་ཞིག་ནང་བཟོ་པ་ཞིག་གིས་རྒུན་འབྲུམ་ཨ་རག་ཐུམ་རྒྱག་བཞིན་པ།

པར་འོག་མ་ནི་2019ལོའི་ཟླ་11ཚེས་6ཉིན་ཧྲང་ཧའེ་རུ་གཉེར་བའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་ཐོག་ལྟད་མོ་བས་ཨ་ཀེན་ཐིན་གྱི་རྒུན་འབྲུམ་ཨ་རག་འགྲེམས་སྟེགས་ཐོག་ཨ་རག་གི་བྲོ་བ་ལྟ་བཞིན་པ།

⇑ འདི་ནི་2019ལོའི་ཟླ་9ཚེས་11ཉིན་ཧྥི་ལི་ཕིན་གྱི་མ་ཉི་ལའི་ཀྲུང་གོ་བའི་ཁྲོམ་གཞུང་དུ་བུ་མོ་ཞིག་གིས་ཟླ་མཆོད་བག་ལེབ་ཁྱེར་ནས་པར་རྒྱག་བཞིན་བརྒྱད་པའི་བཅོ་ལྔའི་དུས་ཆེན་བསུ་བཞིན་པ།

⇑ འདི་ནི་2019ལོའི་ཟླ་6ཚེས་3ཉིན་མ་ལེ་ཞི་ཡའི་རྒྱལ་ས་ཁྭ་ལ་ལུམ་ཕུར་གྱི་ལུང་ཞུའེ་ཧྭ་ཚང་གི་ཁོངས་མིས་ཕུའུ་ཅན་གྱི་འབྲས་ཆན་བཟོ་བཞིན་པ། ཕ་མེས་ཚོ་ཀྲུང་གོ་ནས་ཡིན་པའི་ཁོང་ཚོའི་ངོས་ནས་བརྗོད་ན། འབྲས་ཆན་བསྒྲིལ་རྒྱུ་ནི་ཀྲུང་ཧྭའི་རིག་གནས་ཀྱི་སྲོལ་རྒྱུན་ཆ་ཤས་ཤིག་ཡིན།

⇑ འདི་ནི་2019ལོའི་ཟླ་10ཚེས་23ཉིན་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པའི་ཉེ་འདབས་ཀྱི་གཱ་ཁྲེན་ཧྲེ་ཀོག་ཧྥེའི་ལས་སྣོན་ཁང་དུ་གཱ་ཁྲེན་ཧྲེ་ཀོག་ཧྥེའི་སྤུས་ཚད་དང་ཁྲོམ་རའི་སྤྱི་ཁྱབ་ལྟ་ཞིབ་པ་ཨ་སི་ན་ཁེ·གཱ་ས་ཡིས་ཀོག་ཧྥེའི་བྲོ་བ་ལྟ་བཞིན་པ། གཱ་ཁྲེན་ཧྲེ་ཀོག་ཧྥེ་ནི་ཨེ་ཙེ་ཨོ་ཕི་ཡའི་ཀོག་ཧྥེ་ཐོན་སྐྱེད་ཚོང་པ་དང་ཕྱིར་གཏོང་ཚོང་པ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་རེད། གཱ་ས་ཡིས། ཀྲུང་གོའི་ཁྲོམ་རར་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ་དང་ཨེ་ཙེ་ཨོ་ཕི་ཡའི་ཀོག་ཧྥེས་ཀྲུང་གོའི་ཁྲོམ་ར་བཟུང་ཚད་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད་པ་དང་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཞུགས་པའི་ཨེ་ཙེ་ཨོ་ཕི་ཡའི་ཀོག་ཧྥེ་ཕྱིར་གཏོང་ཚོང་པའི་ངོས་ནས་བརྗོད་ན་གོ་སྐབས་ཡག་པོ་ཞིག་རེད་ཅེས་བརྗོད།

⇒ འདི་ནི་2019ལོའི་ཟླ་8ཚེས་30ཉིན་ཐེ་ལན་གྱི་ཁུང་ཅིང་སློབ་ཆེན་ཁུང་ཙི་སློབ་གླིང་དུ་སློབ་མ་ཚོས་ཁུང་ཅིང་སློབ་ཆེན་གྱི“ཀྲུང་གོའི་ཐབ་ཚང”གི་ཞིམ་ཟས་རིག་གནས་དུས་ཆེན་སྐབས་གསུམ་པར་ཤ་ལྷེབ་ཁ་ཚའི་བྲོ་བ་མྱོང་བཞིན་པ།

⇑ འདི་ནི་2019ལོའི་ཟླ་3ཚེས་15ཉིན་ཁམ་ཕུ་ཁྲེའི་རྒྱལ་ས་ཧྥང་ཀྲེན་དུ་སྐྱ་གྲིབ་གཤགས་བཅོས་བྱས་པའི་སུན་མེ་ལེ་སྡོད་གནས་སུ་ལོག་ནས་བུ་མོར་ལྟོ་སྟེར་བཞིན་པ། འདི་ལོ་ལོ་36ལ་སླེབས་པའི་སུན་མེ་ལེ་ནི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཨ་མ་མོ་ཧྲེང་ཞིག་ཡིན་པ་དང་བུ་མོ་ཆུང་བ་དང་མཉམ་དུ་སྟབས་བདེའི་ཁང་པ་ཞིག་གཡར་ནས་སྡོད་ཀྱི་ཡོད་པ་རེད། ཁོང་གི་མིག་གཡོན་མར་སྐྱ་གྲིབ་ཕོག་པའི་དབང་གིས་ལོང་ཉེར་ཡོད་པས་མུ་མཐུད་ལས་ཀ་བྱེད་ཐབས་བྲལ། ཀྲུང་གོའི་སྨན་པས་ཧྥང་ཀྲེན་དུ་འོས་འགན་སྨན་བཅོས་བྱེད་རིང་ཁོང་ལ་ཀོང་ཤིས་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོའི་སྨན་པ་ལེའང་ཧའོ་ཡིས་སྐྱ་གྲིབ་གཤགས་བཅོས་བྱས་པ་དང་གཤགས་བཅོས་བྱས་རྗེས་ཀྱི་ཉིན་དང་པོར་ཁོང་གི་མིག་གཡོན་མ་མཐོང་ཐུབ་པ་བྱུང་ཡོད།

ཟས་ནི་མི་ཡི་འཚོ་རྟེན་ཡིན་ཞེས་པ་ལྟར། ཟས་ནི་མིའི་རིགས་འཚོ་གནས་བྱེད་པའི་དོན་ཆེན་ཨང་དང་པོ་ཡིན། འདས་ལ་ཉེ་བའི་2019ལོའི་ཟས་ཀྱི་སྟོན་མོར་དྲན་གསོ་བྱེད་པ་དང་། པར་དུ་བླངས་པའི་འཇིག་རྟེན་ཁམས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་ཟས་སྣེ་དང་ཟ་མཁན་ལ་ཕྱིར་མིག་ལྟ། སའི་གོ་ལའི་ཕྱེད་ཤར་མ་ནས་སའི་གོ་ལའི་ཕྱེད་ནུབ་མ་བར་དང་། རང་རྒྱལ་ནས་ཐོན་པའི་ཀྲུང་ཧྭའི་ཟས་མཆོག་ནས་ཐག་རིང་ཡུལ་ནས་དྲངས་པའི་ཟས་མཆོག་བར་གྱི་ཟས་སྣ་མི་འདྲ་བའི་བྲོ་བ་གཅིག་མཚུངས་མིན་རུང་ཚང་མ་འཚོ་གནས་ཀྱི་ཆེད་དུ་ཡིན་པ་གདོན་མི་ཟ། བཟའ་བཏུང་རིག་གནས་མི་འདྲ་བའི་ཁྲོད་དུ་ཚང་མས་བདེ་སྐྱིད་འཚོ་བ་དོན་གཉེར་བྱེད་བཞིན་མཆིས། ཞིམ་མངར་ཟས་ཀྱི་བྲོ་བ་སྣ་ཚོགས་ལས་འཚོ་བའི་ཁྲོད་ཀྱི་དཀའ་སྡུག་དང་སེམས་ཁྲལ་མང་པོ་འཕྲལ་མར་སེལ་ནུས་ལ། འ་ཆད་འུ་ཐུག་གི་དུས་སུ་ཁྱེད་ལ་ཞིམ་པའི་ཟས་མཆོག་ཅིག་ལོངས་སུ་སྤྱོད་རྒྱུ་བྱུང་ན་ལུས་སེམས་གཉིས་ཀྱི་སྡུག་བསྔལ་དེ་མ་ཉིད་དུ་སེལ་བར་ཡང་ནུས།