《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月19日

མཚོ་སྔོན་གྱི་དངུལ་ཁང་འགན་བཅོལ་ལྟ་འདོམས་ཅུས་ཀྱིས།

རང་འགུལ་བྱ་སྤྱོད་སྤེལ་ནས་ཕག་པ་ཐོན་སྐྱེད་ཀྱི་རྒྱང་རིང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཞིང་ཆེན་དངུལ་ཁང་འགན་བཅོལ་ལྟ་འདོམས་ཅུས་ཀྱིས་ཕག་པ་གསོ་ཚགས་ཁེ་ལས་ཀྱི་འགན་བཅོལ་དངུལ་འབོར་མཐོར་གཏོང་དང་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་ཆེ་རུ་གཏོང་བ་སོཌ་ཀྱི་བྱ་ཐབས་ལ་བརྟེན་ནས། ཕག་པ་ཐོན་སྐྱེད་ཀྱི་རྒྱང་རིང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

ཟླ་12ཚེས་17ཉིན། མཚོ་སྔོན་ཞིང་ཆེན་གྱི་དངུལ་ཁང་འགན་བཅོལ་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཕག་པ་གསོ་ཚགས་ཁེ་ལས་དང་ཞིང་དུད་གྱི་ཧུར་བརྩོན་རང་བཞིན་ལ་སྐུལ་ལྕག་གཏོང་ཆེད། འགན་བཅོལ་འགན་འཁྲི་དང་འགན་བཅོལ་གྲོན་ཚད་མི་འགྱུར་བའི་གནས་ཚུལ་འོག འགན་ནུས་དངུལ་ཁང་གིས་འགན་བཅོལ་དངུལ་འབོར་མཐོ་རུ་བཏང་སྟེ་མགྱོགས་མྱུར་གུན་གསབ་སྤྲད་ནས་སྐྱེ་ལོར་ལོན་པའི་མོ་ཕག་རེར་འགན་བཅོལ་དངུལ་འབོར་སྒོར་1000ནས་སྒོར་1500བར་སྤར་བས། མོ་ཕག་གི་འགན་བཅོལ་ཆུ་ཚད་ནུས་ལྡན་ངང་མཐོ་རུ་ཕྱིན་ཡོད། གཞན་ཡང་། གུན་གསབ་ཀྱི་ཐོགས་མེད་ཞབས་ཞུའི་བགྲོད་ལམ་བཏོད་པས། གུན་གསབ་ལས་རིམ་སྟབས་བདེ་རུ་བཏང་བ་དང་གནོད་མེད་ཅན་གྱི་ཐག་གཅོད་བྱས་པས་གཞི་རྩའི་ཆ་ནས་ཉིན་3ནང་བརྟག་དཔྱད་ཚད་ལེན་དང་། གྱོང་གུན་གཏན་འཁེལ། གུན་གསབ་བཅས་མངོན་འགྱུར་ཐུབ་ཡོད་པ་རེད།

གསར་འགོད་པར་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་དངུལ་ཁང་འགན་བཅོལ་ལྟ་འདོམས་ཅུས་ཀྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཁོངས་གཏོགས་ཁུལ་གྱི་དངུལ་ཁང་སྒྲིག་གཞི་ཁག་དང་། ལྷག་པར་དུ་གྲོང་གསེབ་ཀྱི་མཉམ་ལས་དངུལ་རྩའི་སྒྲིག་གཞིས་ཕག་པ་ཐོན་སྐྱེད་ཀྱི་གསོ་ཚགས་ར་བ་དང་། གསོ་ཚགས་དུད་ཚང་། བཤས་ར། གྲང་ཉར་ཕྱིར་འཚོང་སོགས་ཀྱི་ཕག་པའི་ཐོན་སྐྱེད་འཁོར་སྦྲེལ་ཁེ་ལས་བཅས་དང་འབྲེལ་མཐུད་ཧུར་ཐག་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། ཟླ་རེར་ཡིད་རྟོན་དངུལ་བུན་རྒྱབ་སྐྱོར་བྱས་ཚུལ་ལྟ་ཞིབ་ཚད་ལེན་བྱས་ནས། དངུལ་ཁང་སྒྲིག་གཞིས་ཡིད་རྟོན་དངུལ་བུན་གྱི་ལས་སྒོའི་ལས་རིམ་ལེགས་བཅོས་དང་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་དངུལ་བུན་གཡར་དུས་ཐིམ་རྗེས། ད་དུང་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་ཡོད་པའི་ཁེ་ལས་ལ་སྔོན་དུ་དངུལ་བུན་བརྟག་དཔྱད་དང་ཞིབ་དཔྱད་བྱས་ནས། ཚད་གཞི་དང་ཆ་རྐྱེན་དང་མཐུན་པར་གོ་རིམ་བཞིན་མུ་མཐུད་དངུལ་བུན་གཡར་རྒྱུའི་འགྲོ་ལུགས་གཉེར་བ་དང་། མ་དངུལ་འབྲེལ་མཐུད་མགྱོགས་སུ་བཏང་ཐོག་དངུལ་བུན་གྱི་ཞིབ་མཆན་ལས་ཕྱོད་མཐོ་རུ་གཏོང་བ་དང་། ཡིད་རྟོན་ཐོབ་པའི་ཆ་རྐྱེན་དང་མཐུན་རུང་གནས་སྐབས་གཉེར་སྐྱོང་དཀའ་ངལ་ཡོད་པའི་བྱེད་པོར་མུ་མཐུད་ལུགས་མཐུན་གྱི་ཡིད་རྟོན་དངུལ་བུན་གཏོང་བའི་དགོས་མཁོ་སྐོང་དགོས་པའི་བླང་བྱ་བཏོན་ཡོད། ཟླ་11པའི་ཟླ་མཇུག་བར། མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་མཉམ་ལས་དངུལ་རྩའི་སྒྲིག་གཞིས་ཕག་པ་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་དངུལ་བུན་ལྷག་གྲངས་སྒོར་ཁྲི་4009.6ཟིན་གྱི་ཡོད་པ་རེད།