《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2023年01月17日

ཕྲུ་གུའི་རི་མོ་ཆུང་ཆུང་མཛེས། མཛའ་གྲོགས་ཟབ་མོ་བརྒྱུད་སྤྲོད་བྱེད།

—— “ཀྲུང་གོའི་མཐོང་སྣང——དབྱི་རན་གྱི་གཞོན་ནུ་ལོ་ཆུང་གི་རི་མོའི་འགྲན་བསྡུར”སྐབས་དང་པོའི་སྐོར་བཀོད་པ།

⇑ དབྱི་རན་གྱི་རྒྱལ་ས་ཐེ་ཧེ་རན་དུ་མི་རྣམས་ཀྱིས“ཀྲུང་གོའི་མཐོང་སྣང——དབྱི་རན་གྱི་གཞོན་ནུ་ལོ་ཆུང་གི་རི་མོའི་འགྲན་བསྡུར”སྐབས་དང་པོའི་བརྩམས་ཆོས་འགྲེམས་སྟོན་ལ་ལྟ་བཞིན་པ།

⇑ དབྱི་རན་གྱི་རྒྱལ་ས་ཐེ་ཧེ་རན་དུ་གཉེར་བའི“ཀྲུང་གོའི་མཐོང་སྣང——དབྱི་རན་གྱི་གཞོན་ནུ་ལོ་ཆུང་གི་རི་མོའི་འགྲན་བསྡུར”སྐབས་དང་པོའི་བརྩམས་ཆོས་འགྲེམས་སྟོན་ཐོག་བྱིས་པ་གཉིས་ཀྱིས་རི་མོ་འབྲི་བཞིན་པ།

⇑ དབྱི་རན་གྱི་རྒྱལ་ས་ཐེ་ཧེ་རན་དུ་གཉེར་བའི“ཀྲུང་གོའི་མཐོང་སྣང——དབྱི་རན་གྱི་གཞོན་ནུ་ལོ་ཆུང་གི་རི་མོའི་འགྲན་བསྡུར”སྐབས་དང་པོའི་བརྩམས་ཆོས་འགྲེམས་སྟོན་ཐོག་བྱ་དགའ་ཐོབ་མཁན་ཞིག་གིས་བརྩམས་ཆོས་ངོ་སྤྲོད་བྱེད་བཞིན་པ།

“ངའི་རི་མོར་སྲོལ་རྒྱུན་གྱི་ཀྲུང་གོ་ཡོད་ལ་དེང་རབས་ཀྱི་ཀྲུང་གོ་ཡང་ཡོད” ཉིན་ཤས་གོང་ཐེ་ཧེ་རན་དུ་གཉེར་བའི“ཀྲུང་གོའི་མཐོང་སྣང——དབྱི་རན་གྱི་གཞོན་ནུ་ལོ་ཆུང་གི་རི་མོའི་འགྲན་བསྡུར”སྐབས་དང་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་དང་བརྩམས་ཆོས་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོར་ལོ་13ལ་སླེབས་པའི་མ་ཧོ་ཤིས་ཏེ·ཁ་ཤིས་སྨི་ཡིས་དེ་ལྟར་རང་ཉིད་ཀྱི་རི་མོའི་བརྩམས་ཆོས་ངོ་སྤྲོད་བྱས།

སྐབས་འདིའི“ཀྲུང་གོའི་མཐོང་སྣང——དབྱི་རན་གྱི་གཞོན་ནུ་ལོ་ཆུང་གི་རི་མོའི་འགྲན་བསྡུར”དེ་ལོ་7ནས་11བར་དང་ལོ་12ནས་16བར་གྱི་ལོ་ཚད་ཀྱི་ཚོགས་ཆུང་གཉིས་སུ་ཕྱེ་བ་དང་། དབྱི་རན་གྱི་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་ལ་ཕྱོགས་ནས་འགྲན་ཞུགས་བརྩམས་ཆོས་427འཚོལ་བསྡུ་བྱས་པ་རེད། དཔྱད་འདེམས་བྱས་པ་བརྒྱུད། ཚོགས་ཆུང་རེར་བྱ་དགའ་རིམ་པ་དང་པོ་གཅིག་དང་། བྱ་དགའ་རིམ་པ་གཉིས་པ་གཉིས། བྱ་དགའ་རིམ་པ་གསུམ་པ་གསུམ་བཅས་བདམས་ཡོད། བྱ་དགའ་ཐོབ་པའི་བརྩམས་ཆོས་ཚུད་པའི་རི་མོ་70ཚེས་4ཉིན་ནས་བཟུང་གཉེར་བའི་དུས་ཡུན་ཟླ་གཅིག་གི་ཕུལ་བྱུང་བརྩམས་ཆོས་འགྲེམས་སྟོན་ནང་ཞུགས་པ་རེད།