《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2023年01月17日

རང་འགན་གཙང་སྒྲུབ། ཇུས་བཟང་མཉམ་འདོན།

ཟླ་1ཚེས་13ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་པ་རེད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་བསྣམས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་གསར་པའི་འཐུས་མི་ཚོ་བོད་ལྗོངས་མི་དམངས་ཚོགས་ཁང་དུ་འཛོམས་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ནན་ཏན་ངང་སྒྲུབ་བཞིན་ཡོད་ཅིང་། འདི་ནི་འཐུས་མི་ཚོས་དགའ་བསུ་ཞུས་ནས་འཆར་ཟིན་ཁག་ལ་གྲོས་འཆམ་གནང་བཞིན་པ།