《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年08月16日

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་ལུས་རྩལ་འགྲན་བསྡུར་རབ་དང་རིམ་པ་མཇུག་འགྲིལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། “ཤུགས་རྒྱོབ། ཤུགས་རྒྱོབ”ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་ལུས་རྩལ་འགྲན་བསྡུར་རབ་དང་རིམ་པ་ལས་སྐྱེས་པའི་མི་གསུམ་གྱི་ལན་ཆིའུ་སྤོ་ལོའི་མཐའ་བསྡུར་བྱ་ཡུལ་དུ་ལུས་རྩལ་པ་ཚོས་སྤོ་ལོའི་འགྲན་བསྡུར་འཁྲུག་པོ་ཞིག་བྱས་པ་རེད། འགྲན་བསྡུར་མཇུག་འགྲིལ་བའི་སྒྲ་གྲགས་པ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི“ཏང་གི་ཚོགས་ཆེན་ཉི་ཤུ་པ་དགའ་བས་བསུ། ལྷག་བསམ་རྣམ་དག་གིས་དུས་བདེ་སྲུང་སྐྱོང་བྱེད”ཅེས་པའི་ལུས་རྩལ་འགྲན་བསྡུར་རབ་དང་རིམ་པ་ཕུན་སུམ་ཚོགས་པོའི་སྒོ་ནས་མཇུག་འགྲིལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་དེ་ཟླ་7ཚེས་25ཉིན་དངོས་སུ་འགོ་ཚུགས་པ་དང་དུས་ཡུན་ཉིན་4ཡིན་པ་རེད། མི་དམངས་ཉེན་རྟོག་པ་ཚོ་སྐྱེས་པའི་མི་གསུམ་གྱི་ལན་ཆིའུ་སྤོ་ལོ་དང་། བུད་མེད་ཀྱི་མི་གསུམ་གྱི་ལན་ཆིའུ་སྤོ་ལོ། སྐྱེས་པའི་ཕིང་ཕང་སྤོ་ལོའི་རྐྱང་རྒྱག བུད་མེད་ཀྱི་ཕིང་ཕང་སྤོ་ལོའི་རྐྱང་རྒྱག སྐྱེས་པའི་བྱ་སྒྲོའི་སྤོ་ལོའི་རྐྱང་རྒྱག བུད་མེད་ཀྱི་བྱ་སྒྲོའི་སྤོ་ལོའི་རྐྱང་རྒྱག་སོགས་རྣམ་གྲངས་ཀྱི་འགྲན་བསྡུར་ལ་ཞུགས་པ་རེད། འགྲན་རའི་ཐོག་རུ་མི་ཚོས་གཞོཌ་འདེགས་དམ་ཟབ་བྱས་པ་མ་ཟད། འགྲན་བསྡུར་ཕྱོཌ་གཉིས་པོའི་དབར་གྱི་གུས་ལུཌ་དང་ཁེངས་སྐྱུང་ཡང་མཚོན་པར་བྱས་པས་འགྲན་བསྡུར་ལ་ཞུགས་མཁན་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ཨང་དང་པོ་བརྩོན་ལེན་བྱེད་པའི་བསམ་པའི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་པས་ཕན་ཚུན་སྤེལ་རེས་དང་། ཕན་ཚུན་སྐུལ་འདེད། ཐུན་མོང་ཐོག་གོང་མཐོར་གཏོང་བ་བཅས་ཀྱི་དམིཌ་ཡུལ་བསྒྲུབས་ནས་འགྲན་བསྡུར་གྱི་གྲུབ་འབྲས་དང་བསམ་བློའི་ཤེས་དཔལ་གཉིས་ཀ་ཚད་ལོན་པ་རེད། མི་དམངས་ཉེན་རྟོག་པ་ཚོས་ད་ཐེངས་ཀྱི་ལུས་རྩལ་འགྲན་བསྡུར་རབ་དང་རིམ་པ་བྱས་པ་ལས་ཚང་མའི་མཐུན་སྒྲིལ་མཉམ་ལས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ནས་ཛ་དྲག་གི་ལས་ཀའི་ཞོར་དུ་ལུས་སེམས་ལྷོད་དུ་ཕྱིན་པ་མ་ཟད། གཟུགས་གཞི་ཡང་ཐང་དུ་ཕྱིན་སོང་ཞེས་གཅིག་རྗེས་གཉིས་མཐུད་དུ་བཤད།

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས་ད་ཐེངས་ཀྱི་བྱེད་སྒོ་ལས་ལྷ་ས་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཁོངས་གཏོགས་ཀྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་རིག་གནས་ལུས་རྩལ་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། ཧུར་བརྩོན་ཡར་སྐྱེད་ཀྱི་རིག་གནས་རྣམ་པ་ཞིག་བཏོད་པ། སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པས་འབད་འཐབ་བྱེད་ཕོད་པ་དང་། དམ་བཅའ་ནམ་ཡང་མི་དོར་བ། མཐུན་སྒྲིལ་མཉམ་ལས་བཅས་ཀྱི་བསམ་པའི་ཉམས་འགྱུར་བརྒྱུད་སྤྲོད་བྱས་པ་རེད། སླད་ཕྱིན་འགྲན་བསྡུར་ཁྲོད་ཐོན་པའི་མཐུན་སྒྲིལ་མཉམ་ལས་དང་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་དར་སྤེལ་ཤུཌ་ཆེན་བཏང་སྟེ་ཉམས་འགྱུར་ཟབ་མོ་དང་། དཔའ་ཉམས་ལྡན་པ། འཇོན་ཐང་དང་རྩལ་ནུས་རྩེར་སོན་པ་བཅས་ཀྱི་ཐོག་ནས་ལས་ཀར་སེམས་ནུས་ཡོད་རྒུ་བཏོན་ཏེ་ཕུལ་བྱུང་གི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།