《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年08月16日

① “ཉེན་རྟོག་པ་ཁྲི་བརྒྱ་ཁྱིམ་ཚང་ཁྲི་སྟོང་ལ་སྐྱོད་པའི”བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་ནས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་དར་སྤེལ་གཏོང་ཆེད། ཉིན་ཤས་བསྟུད་མར་ནག་ཆུ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་བདེ་འཇགས་སྡེ་ཚན་གྱིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་ཁུལ་དུ་བཅར་འདྲི་དང་འཚམས་འདྲིའི་བྱེད་སྒོ་སྤེལ་ནས་མང་ཚོགས་ལ་འཚམས་འདྲིའི་དངོས་པོ་བསྐྱལ་ཞིང་། འདི་ནི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་འཚམས་འདྲི་བྱེད་བཞིན་པ།

② ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་དང་མཉམ་དུ་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཅ་དངོས་ཉོ་སྒྲུབ་བྱ་ཡུལ་ཆེ་གྲས་ཁག་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ། གནའ་གྲོང་ཁུལ་བཅས་སུ་དུས་ཡུན་ཉིན་4ཡི་ཡུལ་སྐོར་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་གི་ལས་དོན་སྤེལ་ཞིང་། འདི་ནི་ཆེད་དོན་བཅོས་སྒྲིག་བྱ་ཡུལ་ཡིན་པ།

③ ཉེ་དུས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གིས“ཏང་གི་ཚོགས་ཆེན་ཉི་ཤུ་པ་དགའ་བས་བསུ། བྱིས་པའི་སེམས་པ་ཏང་ལ་ཕྱོགས། དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་བྱེད། ང་ནི་ཉེན་རྟོག་པ་ཆུང་ཆུང་ཞིག་ཡིན”ཞེས་པའི་བྱེད་སྒོ་མཉམ་དུ་སྤེལ་བ་དང་། བྱེད་སྒོའི་ནང་ལོ་6ནས་13བར་གྱི“ཉེན་རྟོག་པ་ཆུང་ཆུང”60ལྷག་ཙམ་གདན་དྲངས་ཏེ་ཉེན་རྟོག་པའི་འཚོ་བར་ཉམས་ལེན་བྱས་ཤིང་། འདི་ནི་རུ་མི་ཆུང་ཆུང་ཚོས་ཉེན་རྟོག་པས་སྤྱོད་པའི་ཡོ་བྱད་ལ་ཉམས་ལེན་བྱེད་བཞིན་པ།