《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年08月16日

རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བ།

“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”བྱེད་སྒོའི་ཕན་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་ཆེད། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་སྐོར་གྱི་ལས་དོན་དང་ཟུང་འབྲེལ་བྱེད་པ་དང་། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི《“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》གཞིར་བཟུང་། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་སྲིད་ཁྲིམས་ཁོངས་གཏོགས་ཀྱི“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”དོན་ཚན་ཁག་19ཞིབ་ཚགས་སུ་བཏང་སྟེ། ཁྲིམས་འཛིན་ཐིང་ཁོངས་གཏོགས་ཀྱི་རྒྱུན་རྣམ་ཅན་གྱི“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལས་ཀའི་ཇུས་གཞི》བཟོས་ནས་བཀྲམ་པ་དང“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལས་དོན་ལ་མུ་མཐུད་སྤྱི་འདོམས་སྐུལ་འདེད་བཏང་བ་རེད། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་རང་ངོས་ཀྱི་ལེགས་ཆ་འདོན་རྒྱུར་སྣང་ཆེན་དང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུར་དམ་འཛིན། ལས་འགན་ཁག་བདུན་དོན་འཁྱོལ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ་རེད།

A

རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་བཅའ་ཁྲིམས་བློ་འདྲི་དང་། བཅའ་ཁྲིམས་རོགས་སྐྱོར། གཞུང་དཔང་། མི་དམངས་འདུམ་འགྲིག བཅའ་ཁྲིམས་ལས་རིགས་ཀྱི་ཐོབ་ཐང་། སྲིད་འཛིན་བསྐྱར་གྲོས་བཅས་གཞི་གཅིག་ཅན་གྱི་བཅའ་ཁྲིམས་ཞབས་ཞུའི་དངོས་གཞིའི་ལས་སྟེགས་ཤིག་རཌ་ཙམ་བཏོད་པ་དང་། ལྗང་མདོག་བགྲོད་ལམ་དང་། བཅའ་ཁྲིམས་རོགས་སྐྱོར་ལས་གནས། བཅའ་ཁྲིམས་བློ་འདྲིའི་ལས་གནས། གཞུང་དཔང་ལས་གནས། ཐིང་རིམ་པའི་འགོ་ཁྲིད་ཀྱི་སྣེ་ལེན་ལས་གནས། ཕྱོགས་བསྡུས་ལས་གནས་སོགས་ཀྱི་སྐར་ཁུང་གཙོ་གནད་ཐོག་བཀོད་སྒྲིག་བྱས་པ་དང་། ངོ་བཅར་དུ་ཡོང་མཁན་མང་ཚོགས་ལ་སྤུས་ལེགས་དང་། ཕན་ཆེ། སྟབས་བདེ་བཅས་ཀྱི་བཅའ་ཁྲིམས་ཞབས་ཞུ་རིན་མེད་མཁོ་འདོན་བྱས་པ་རེད། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཚུན། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཚོམས་ཆེན་གྱིས་མང་ཚོགས་ཁྱོན་ཁག་ཐེངས་493དང་མི་774ལ་སྣེ་ལེན་ཞུས་པ་རེད། “12348”ཀྱི་བཅའ་ཁྲིམས་ཞབས་ཞུའི་ཐད་སྦྲེལ་ཁ་པར་སྔར་བས་ལེཌ་སུ་དང་འཐུས་ཚང་དུ་གཏོང་བ་དང་། བོད་སྐྱོར་ཁྲིམས་རྩོད་པ་ལས་རེས་ལ་བཀོད་སྒྲིག་བྱེད་པ། ལེགས་ཆའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ་བཅས་བྱས་པ་མ་ཟད། ཉིན་མཚན་དབྱེར་མེད་དུ་མང་ཚོགས་ཀྱི“འཕྲལ་མཁོ་དང་། སེམས་ཁྲལ། དཀའ་གནད། རེ་སྒུག”བཅས་ཀྱི་བཅའ་ཁྲིམས་གནད་དོན་དྲ་ཐོག་ནས་ལན་བརྒྱབ་པ་རེད། དེ་དང་ཆབས་ཅིག ལྗོངས་ཡོངས་ཀྱི་རིམ་ཁག་བཅའ་ཁྲིམས་རོགས་སྐྱོར་སྒྲིག་གཞིས་མཛུབ་ཁྲིད་བྱས་ཏེ་མི་ཐེངས་9169ལ་རིན་མེད་བློ་འདྲིའི་ཞབས་ཞུ་སྣ་ཚོགས་མཁོ་འདོན་བྱས་པ་དང་། ཁྲིམས་འཛིན་གསལ་འབྱེད་ལས་ཁུངས་ཀྱིས་སྒོ་ཁར་ཞབས་ཞུ་ཐེངས་5བསྒྲུབས་ནས། ཁྲིམས་འཛིན་གསལ་འབྱེད་འགྲོ་གྲོན་སྒོར་9000ལྷག་ཙམ་རྩ་ཆག་བཏང་བ་དང་། འདུམ་གཅོད་སྒྲིག་གཞིས་སྦྲག་ཐོག་ནས་བསྐུར་བའི་གཏུག་བཤེར་ཡི་གེ་བདག་སྤྲོད་དང་སྦྲག་ཐོག་ནས་སྐྱེལ་སྤྲོད་བྱེད་པ་སོགས་ཁྱོན་ཡི་གེ་61ཟིན་པ་དང་དོ་བདག་ལ་ཁེ་དབང་སྲུང་སྐྱོང་གི་མ་གནས་སྒོར་1464གྲོན་ཆུང་ཐུབ་ཡོད།

B

སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྤེལ་ཚུན། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་ནས། དམངས་ཀྱི་བྱ་བ་དངོས་དམ་འཛིན་བྱ་གཞིར་བྱས་ཏེ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ཡོད། དམངས་ཕན་གྱི་རྨང་གཞིའི་སྒྲིག་བཀོད་དང་། དམངས་ཕན་ཞབས་ཞུའི་བྱེད་ཐབས་སོགས་ཁག་གཅིག་ཐག་གཅོད་བྱས་པས། ལག་ལེན་ཁྲོད་ནས་དམངས་སེམས་ཐོབ་པ་མ་ཟད། ད་དུང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པ་ལས་བྱུང་བའི་འགྱུར་ལྡོག་གསར་པ་དང་རྣམ་པ་གསར་པ་མང་ཚོགས་ཀྱིས་ཚོར་ཐུབ་པ་བྱུང་ཡོད།