《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年08月16日

འབྲོང་པ་རྫོང་ཁྲིམས་འཛིན་ཅུས་ཀྱིས།

“ཁྲིམས་ཤེས་མཁན”གསོ་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། འབྲོང་པ་རྫོང་ཁྲིམས་འཛིན་ཅུས་ཀྱིས་རྫོང་དེའི་ཁྲིམས་ཁང་དང་། སྤྱི་བདེ་ཅུས་སོགས་སྡེ་ཚན་ཆེད་དུ་གདན་དྲངས་ནས“ཁྲིམས་ཤེས་མཁན”གྱི་བརྗོད་དོན་གཙོ་བོའི་2022ལོའི་བཅའ་ཁྲིམས་གསོ་སྦྱོང་གི་བྱེད་སྒོ་སྤེལ་བ་དང་། ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ཆེད་བསྐོས་ལས་བྱེད་པ་13དང་སྲིད་འཛིན་གྲོང་ཚོའི“ཁྲིམས་ཤེས་མཁན”58བྱེད་སྒོའི་ནང་ཞུགས་ཡོད་པ་རེད།

བྱེད་སྒོ་སྤེལ་རིང་། འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་པས“ཁྲིམས་ཤེས་མཁན”འགན་འཁྲི་ནས་འགོ་བརྩམས་ཏེ། བཅའ་ཁྲིམས་ཁྱབ་གདལ་ལས་དོན་ཡག་པོ་ཇི་ལྟར་སྤེལ་བར་མཛུབ་ཁྲིད་བྱ་རྒྱུར་དམིགས་ཏེ། རྒྱུན་གཏན་གྱི་འགལ་ཟླ་དང་རྩོད་གཞིར་འདུམ་འགྲིག་བྱེད་ཐབས་དང་ཐབས་མཆོག་གང་ཡོད་པ་དང་། བཅའ་ཁྲིམས་དྲིལ་བསྒྲགས་ལས་དོན་གང་འདྲ་སྤེལ་བ། མང་ཚོགས་ལ་བཅའ་ཁྲིམས་ཐོག་ནས་རོགས་སྐྱོར་ཇི་ལྟར་བྱེད་པ། གཞི་རིམ་གྱི་རྒྱུན་གཏན་དམངས་དོན་རྩོད་གཞི་ཐག་གཅོད་ཡག་པོ་བྱེད་པའི་ཐབས་ཤེས་དང་ཐབས་མཆོག་གང་ཡོད་པ། 《བདེ་འཇགས་དོ་དམ་ཆད་གཅོད་ཀྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་བཅས་ལ་འགྲེལ་བཤད་བརྒྱབ་སྟེ། གཙོ་གནད་ཐོག《དམངས་དོན་ཁྲིམས་གཞུང》གི་ལེ་ཚན་གཙོ་བོར་སློབ་སྦྱོང་བྱེད་དུ་བཅུག་ནས་ཞིང་འབྲོག་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་ཡང་སེ་འཕྲད་པའི་གཉེན་སྒྲིག་ཁྱིམ་ཚང་དང་། དམངས་ཁྲོད་དངུལ་བུན་གཏོང་བ། བསྙེན་བཀུར། རྒྱུན་འཛིན། ཞིང་འབྲོག་པའི་ཁེ་དབང་སྲུང་སྐྱོང་། དམངས་དོན་ཞུ་གཏུག་སོགས་ཀྱི་གནད་དོན་ཐད་གསེད་བཀྲོལ་ཞིབ་ཕྲ་བྱས་ཤིང་། དེ་རྗེས་སློབ་གཉེར་བ་ཡོངས་ཀྱིས་དཔེ་མཚོན་བརྙན་ཐུང་དང་ས་གནས་ས་ཐོག་ཏུ་བསྐྱོད་ནས་གསར་བརྗེའི་རྟེན་གཞིར་ལྟ་སྐོར་བྱས་པ་རེད།