《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年08月16日

རང་ལྗོངས་ཀྱི་འགྲོ་ལམ་སྐྱེལ་འདྲེན་གྱི་གློག་རྡུལ་ ལག་ཁྱེར་དངོས་སུ་སྤྱོད་འགོ་ཚུགས་པ།

《འགྲོ་ལམ་སྐྱེལ་འདྲེན་གྱི་གློག་རྡུལ་ལག་ཁྱེར་ཁྱབ་གདལ་བཀོལ་སྤྱོད་བྱེད་མྱུར་དུ་བཏང་ནས་གྲངས་འཛིན་ཅན་གྱི་ཞབས་ཞུ་དང་ལྟ་འདོམས་ནུས་པ་ཆེ་རུ་གཏོང་རྒྱུའི་སྐོར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གཞུང་དོན་ཐིང་གི་བརྡ་ཐོ》དང《བོད་རང་སྐྱོང་ལྗོངས་ཀྱི་གཞི་གཅིག་ཅན་གྱི་དྲ་ཐོག་སྲིད་དོན་ཞབས་ཞུའི་ལས་སྟེགས་གསར་འཛུགས་ལག་བསྟར་ཇུས་གཞི་འགྲེམ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བརྡ་ཐོ》སོགས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་ཆེད། རང་སྐྱོང་ལྗོངས་འགྲོ་ལམ་སྐྱེལ་འདྲེན་དོ་དམ་ཅུས(ལྗོངས་སྐྱེལ་འདྲེན་དོ་དམ་ཅུས་ཞེས་བསྡུ་རྒྱུ)ཀྱིས་ལས་དོན་འབད་སྒྲུབ་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ། རང་ལྗོངས་ཀྱི་འགྲོ་ལམ་སྐྱེལ་འདྲེན་གྱི་གློག་རྡུལ་ལག་ཁྱེར་མ་ལག་བཙུགས་ཡོད། ཉེ་ཆར། ལྗོངས་སྐྱེལ་འདྲེན་དོ་དམ་ཅུས་ཀྱིས་བོད་ཀྱི་འགྲོ་ལམ་སྐྱེལ་འདྲེན་གྱི་གློག་རྡུལ་ལག་ཁྱེར་ཞིབ་བཤེར་རྩིས་ལེན་དང་ཁྱབ་གདལ་གཏོང་འགོ་འཛུགས་པའི་ཚོགས་འདུ་འཚོགས་པ་ལས། རང་ལྗོངས་ཀྱི་འགྲོ་ལམ་སྐྱེལ་འདྲེན་དོ་དམ་ལས་རིགས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྱོང་གི་ཆུ་ཚད་དང་ཞབས་ཞུའི་ནུས་པ་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་མཚོན་གྱི་ཡོད། འདི་ནི་རང་ལྗོངས་ཀྱི་འགྲོ་ལམ་སྐྱེལ་འདྲེན་ཁ་ལོ་བས་རེ་ཞུ་བྱས་པའི་འགྲོ་ལམ་སྐྱེལ་འདྲེན་གྱི་གློག་རྡུལ་ལག་ཁྱེར་ཡིན་པ།