《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年08月16日

པར་རིས་ནས་ཀྲུང་གོའི་ལོ་རྒྱུས་ལ་ལྟ་བ།

1953ལོའི་ཟླ་7པར། དུས་ཡུན་ལོ་གསུམ་ལྷག་ཙམ་གྱི་ཁྲའོ་ཞན་དམག་འཁྲུག་མཇུག་འགྲིལ་བའི་ཁྱབ་བསྒྲགས་བྱས་ཤིང་། ཨ་འགོག་ཁྲའོ་རོགས་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དེས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་སྒྱུར་བཀོད་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་བལྟོས་བཅས་བརྟན་ལྷིང་གི་ཞི་བདེའི་ཁོར་ཡུག་ཅིག་བསྐྲུན་ཡོད།

1958ལོར། ས་གནས་དང་སྡེ་ཚན་ཁ་ཤས་ཀྱིས་དོན་དངོས་དང་མི་མཐུན་པའི“མཆོང་སྐྱོད་ཆེན་པོའི”འཆར་གཞི་ཁག་གཅིག་བཏོན། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཀྱག་ཀྱོག་གི་ལམ་བུའི་ཁྲོད་མདུན་སྐྱོད་བྱས།

1964ལོར། ཀྲུང་གོའི་རྡུལ་ཕྲན་འབར་མདེལ་དང་པོ་ལེཌ་གྲུབ་ལྡན་པའི་ངང་འབར་གས་བྱུང་བ་དང་། 1967ལོར་ཀྲུང་གོའི་ཆིང་མདེལ་དང་པོ་དེ་བར་སྣང་དུ་འབར་གས་ཚོད་ལྟ་ལེགས་གྲུབ་བྱུང་བ། 1970ལོར་ཀྲུང་གོའི་མིས་བཟོས་སྲུང་སྐར་དང་པོ(ཤར་ཕྱོགས་དམར་ཨང་དང་པོ)འཕེན་གཏོང་ལེགས་གྲུབ་བྱུང་བ་རེད། ང་ཚོས་ཧ་ཅང་དཀའ་ཚེཌ་ཆེ་བའི་ཆ་རྐྱེན་འོག་རང་ཉིད་ཀྱི་སྟོབས་ཤུགས་ཁོ་ནར་བརྟེན་ནས“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་རླབས་ཆེའི་གྲུབ་འབྲས་བཏོད་ཡོད།