《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年08月16日

ཏང་གི་ལོ་རྒྱུས་རྟག་ཏུ་བསྐྱར་དྲན་བྱེད། ཏང་གི་ལོ་རྒྱུས་བློ་ལ་བརྟན་པོར་ངེས།

—— ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་101འཁོར་བར་རྟེན་འབྲེལ་ཞུ།

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

(1921ལོའི་ཟླ་7པ་ནས་2021ལོའི་ཟླ་6པ་བར)

རྩོམ་གྱི་ཡོང་ཁུངས་ཤིན་ཧྭ་གསར་འགྱུར་ཁང་།

1936ལོ།

★ ཟླ་2པར་བྱང་ཤར་གྱི་རི་འགོག་དྲག་ཆས་ཁག་བྱང་ཤར་གྱི་རི་འགོག་མཉམ་འབྲེལ་དམག་དཔུང་ལ་གཅིག་གྱུར་ཐོག་བསྐྱར་སྒྲིག་བྱས་པ་རེད།

★ ཟླ་2པ་ནས་7པའི་བར། དམར་དམག་དཔུང་ཕྱོགས་དང་པོས་སྔ་རྗེས་སུ་ཧྲན་ཤིས་དང་སུའེ་ཡོན་སོགས་ཀྱི་ས་ཆ་དང་ཧྲའན་ཤིས་དང་། ཀན་སུའུ། ཉིང་ཞ་བཅས་ཞིང་ཆེན་གསུམ་གྱི་ས་མཚམས་ཁུལ་དུ་ཤར་འདུལ་གཡུལ་འགྱེད་དང་ནུབ་འདུལ་གཡུལ་འགྱེད་བརྒྱབ་པ་རེད།

★ ཟླ་6པའི་ཟླ་སྨད་ནས་ཟླ་7པའི་ཟླ་འགོ་བར། དམར་དམག་དཔུང་ཚོགས་གཉིས་པ་དང་དྲུག་པ་སི་ཁྲོན་དཀར་མཛེས་ས་ཁུལ་དུ་འབྱོར་ནས་དམར་དམག་དཔུང་ཕྱོགས་བཞི་པ་དང་དམག་དཔུང་མཉམ་འཛོམས་བྱས་པ་རེད།

★ ཟླ་10ཚེས་9ཉིན། དམར་དམག་དཔུང་ཕྱོགས་དང་པོ་དང་བཞི་པ་ཀན་སུའུ་ཧུའེ་ཉིང་དུ་མཉམ་འཛོམས་བྱས་པ་རེད། ཚེས་22ཉིན། དམར་དམག་དཔུང་ཕྱོགས་དང་པོ་དང་གཉིས་པ་ཀན་སུའུ་ལུང་ཏེ་ཅང་ཐའེ་པའོ(ད་ཆའི་ཉིང་ཞ་ཤིས་ཅི་ཡི་ཁོངས་སུ་གཏོགས)རུ་དམག་དཔུང་མཉམ་འཛོམས་བྱས་པར་བརྟེན་གཙོ་ཤུགས་དམར་དམག་ཆེན་པོ་གསུམ་རྒྱལ་ཁའི་ངང་དམག་དཔུང་མཉམ་འཛོམས་བྱུང་བ་རེད།

★ ཟླ་12ཚེས་12ཉིན། ཀྲང་ཞུའེ་ལེང་དང་དབྱང་ཧུའུ་ཁྲེང་གིས་ཤིས་ཨན་དུས་འགྱུར་བསླངས་པ་དང་ཅང་ཅེ་ཧྲི་བཀག་སྐྱིལ་བྱས་པ་རེད། རི་འགོག་གི་སྔོན་འགྲོའི་ཆ་རྐྱེན་འོག་གོ་གུང་ཏང་གཉིས་པོ་མཉམ་ལས་ཐེངས་གཉིས་པ་བྱ་རྒྱུ་དེ་འགོག་ཐབས་བྲལ་བའི་འཕེལ་ཕྱོགས་ཆེན་པོ་ཞིག་ཏུ་གྱུར་ཡོད།

1937ལོ།

★ ཟླ་1ཚེས་13ཉིན། ཀྲུང་གུང་ཀྲུང་དབྱང་ལས་ཁུངས་ཡན་ཨན་དུ་སྤོས་པ་རེད།

★ ཟླ་7ཚེས་7ཉིན། རི་པིན་བཙན་འཛུལ་དམག་གིས་ལུའུ་ཀོའུ་ཟམ་པའི་དུས་འགྱུར(བདུན་པའི་ཚེས་བདུན་གྱི་དུས་འགྱུར)བསླངས་པར་ས་གནས་དེ་གའི་ཀྲུང་གོའི་བཅའ་སྡོད་དམག་དཔུང་གིས་དཔའ་ངར་ཆེན་པོས་འགོག་རྒོལ་བྱས་ཡོད།

★ ཟླ་7པ་ནས་8པའི་བར། མའོ་ཙེ་ཏུང་གིས《རྩོད་སྒྲུབ་རིག་པའི་དངོས་གཙོ་སྨྲ་བ(སློབ་ཁྲིད་གནད་བསྡུས)》ནང་གི《ལག་ལེན་སྨྲ་བ》དང《འགལ་ཟླ་གཅིག་འདུའི་ཆོས་ཉིད》(རྗེས་སུ《འགལ་ཟླ་སྨྲ་བ》ཞེས་པར་བསྒྱུར)བརྩམས་པ་རེད།

★ ཟླ་8ཚེས་22ནས་25ཉིན་བར། ཀྲུང་གུང་ཀྲུང་དབྱང་གིས་ཧྲའན་པེའི་ལོ་ཁྲོན་དུ་ཆབ་སྲིད་ཅུས་ཀྱི་རྒྱ་ཆེའི་ཚོགས་འདུ(ལོ་ཁྲོན་ཚོགས་འདུ)འཚོགས་པ་རེད།

★ ཟླ་9ཚེས་22ཉིན། 《ཀྲུང་གུང་ཀྲུང་དབྱང་གིས་གོ་གུང་མཉམ་ལས་ཀྱི་བསྒྲགས་གཏམ་ཁྱབ་བསྒྲགས་བྱས་པ》གོ་མིན་ཏང་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་སྤེལ་བ་རེད།

★ ཟླ་9ཚེས་25ཉིན། དམག་སྡེ་བརྒྱད་པའི་ཧྲི་ཤོག་གཅིག་གཅིག་ལྔ་ཡི་གཙོ་ཤུགས་ལ་ཧྲན་ཤིས་བྱང་ཤར་མཚམས་ཀྱི་ཕིང་ཞིང་ཀོན་འགག་སྒོར་རྒྱལ་ཁ་ཆེན་པོ་ཐོབ་ཡོད།

★ ཟླ་9པར། དེ་སྔའི་ཧྲའན་ཀན་ཉིང་གསར་བརྗེའི་རྟེན་གཞིའི་སུའུ་ཝེ་ཨེད་སྲིད་གཞུང(ཀྲུང་ཧྭ་སུའུ་ཝེ་ཨེད་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གནས་སྐབས་ཀྲུང་དབྱང་སྲིད་གཞུང་ནུབ་བྱང་དོན་གཅོད་ཁང)ཧྲའན་ཀན་ཉིང་མཐའ་ཁུལ་སྲིད་གཞུང་ལ་དངོས་སུ་བསྒྱུར(ཟླ་11པ་ནས་ལོ་གཉིས་པའི་ཟླ་དང་པོ་བར་ཧྲའན་ཀན་ཉིང་དམིཌ་བསལ་ས་ཁུལ་སྲིད་གཞུང་ཞེས་འབོད་བ་རེད)

1938ལོ།

★ ཟླ་1ཚེས་10ཉིན། ཅིན་ཁྲ་ཅིད་མཐའ་ཁུལ་གྱི་གནས་སྐབས་སྲིད་འཛིན་ཨུ་ཡོན་ལྷན་ཁང་ཧོ་པེའི་ནུབ་རྒྱུད་ཀྱི་ཧྥུའུ་ཕིང་དུ་བཙུགས་པ་རེད།

★ ཟླ་དང་པོར་དམག་སྡེ་བརྒྱད་པའི་ཤང་ཀང་དོན་གཅོད་ཁང་བཙུགས་པ་རེད།

★ ཟླ་3ཚེས་15ཉིན། ཀྲུང་གུང་ཀྲུང་དབྱང་གིས《ཏང་ཡོན་འཕེལ་རྒྱས་འཕོན་ཆེན་གཏོང་རྒྱུའི་སྐོར་གྱི་གྲོས་ཆོད》བཀྲམ་པ་རེད།

★ ཟླ་4པར་ཅིང་ཅི་ཡུས་རི་འགོག་རྟེན་གཞིའི་དམག་དམངས་ཀྱིས་རི་པིན་དམག་མི་ཁྲི་3ཙམ་གྱི་ཕྱོཌ་དགུའི་བསྐོར་རྡུང་ལས་རྣམ་པར་རྒྱལ་ཏེ། དགྲ་དམག་4000ཙམ་ཚར་བཅད་པ་དང་རྫོང་གྲོང་18ཚུར་འཕྲོཌ་པ་རེད།

★ ཟླ་5ཚེས་26ནས་ཟླ་6ཚེས་3ཉིན་བར། མའོ་ཙེ་ཏུང་གི《རྒྱུན་སྲིང་དམག་འཁྲུག་གླེང་བ》བཀྲམ་པ་རེད།

★ ཟླ་9ཚེས་29ནས་ཟླ་11ཚེས་6ཉིན་བར། ཀྲུང་གུང་གི་རྒྱ་ཆེར་བཏང་བའི་སྐབས་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཡན་ཨན་དུ་འཚོགས་པ་རེད།

★ ཟླ་10པར། ཀོང་ཀྲོའུ་དང་ཝུའུ་ཧན་སྔ་རྗེས་སུ་དགྲ་ལག་ཏུ་ཤོར་ནས། མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་འཐབ་ཇུས་ཀྱི་འགོག་སྲུང་ནས་འཐབ་ཇུས་དོ་མཉམ་པའི་དུས་མཚམས་སུ་བསྒྱུར་བ་རེད།

★ ཟླ་10པ་ནས་12པའི་བར། ཀྲུང་གུང་ཀོང་ཏུང་ས་གནས་ཀྱིས་རྒྱ་རིགས་དང་། ལི་རིགས། མེའོ་རིགས་སོགས་ཀྱི་མི་རིགས་ཁག་གི་མི་དམངས་སྒྲིག་འཛུགས་དང་། མཐུན་སྒྲིལ། འགོ་ཁྲིད་བཅས་བྱས་ཏེ་རི་འགོག་ངེས་མེད་རྒོལ་རྡུང་རུ་ཁག་བཙུགས་ནས་ཧྭ་ནན་དགྲ་བོའི་རྒྱབ་ཕྱོགས་གཡུལ་ས་བཏོད་པ་རེད།