《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ཀྱིས་འགྲུལ་བཞུད་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ།

དཔྱིད་གསར་སྐྱེལ་འདྲེན་བྱེད་འགོ་ཚུགས་པས། བོད་དུ་འཕུར་སྐྱོད་ཀྱི་འགན་འཁུར་མཁན་མཁའ་འགྲུལ་ཀུང་སིས་ཁྲེང་ཏུའུ་དང་། ཁྲུང་ཆིང་། ཁྲང་ཧྲ། ལན་ཀྲོའུ། ནན་ཅིང་། ཏ་ལི། ལུའུ་ཀྲོའུ། དབན་ཀྲོའུ་བཅས་ཕྱོགས་8ནས་ཉིན་ལྟར་དུས་གཏན་གནམ་གྲུ་8ནས་9བར་མང་དུ་བཏང་ཡོད་པ་རེད། དེ་དང་ཆབས་ཅིག དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ཀྱིས་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ་མཁའ་དབྱིངས་ནས་རིམས་ནད་མ་འགོས་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲ་བ་ཚགས་དམ་དུ་བཏང་སྟེ་རིམས་ནད་མ་འགོས་པའི་འགན་ལེན་ཧུར་ཐག་བྱས་ཤིང་། འདི་ནི་དང་བླངས་པས་འགྲུལ་པར་དྲ་ཐོག་ནས་འགྲོ་ལུགས་གཉེར་རོགས་བྱེད་བཞིན་པ།