འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་ལྗོངས་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོ་རང་ལྗོངས་ཀྱིས་སྡོད་ཁང་སྐྱོ་ཁུལ་དུད་ཚང་5500སྒྱུར་བཀོད་བྱ་རྩིས་ཡོད་པ་དང་། སྤྱི་པའི་བོགས་གཏོང་ཁང་པ་ཆ་ཚང་1728དང་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་ཆ་ཚང་852བསྐྲུན་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཀྱིས་གྲོང་ཁུལ་རྙིང་པའི་བཙོག་ཟིང་ཞན་གསུམ་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་བྱས་ནས་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་སྡོད་ཁང་གི་སྤུས་ཀ་དག་ཏུ་གཏོང་རྒྱུ་རེད། གཞན་ཡང་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཐེམ་ཐོ་ས་གནས་དེ་གར་མེད་པའི་གྲོང་མི་དང་། ན་གཞོན། ལྷག་པར་དུ་གཞི་རིམ་གྱི་སྤྱི་པའི་ཞབས་ཞུ་སྤེལ་མཁན་སོགས་ཚོགས་སྤྱིའི་སྡོད་ཁང་གི་གནད་དོན་ཐག་གཅོད་ཧུར་ཐག་བྱ་རྒྱུ་རེད། ལས་ཤག་ཆ་ཚང་ཁྲི་1གི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་ལས་ཤག་བགོ་བཤའ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་རེད།
(བསྟན་བཟང་གིས་བསྒྱུར། ལྷག་ཚེས་ཞུས)