《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧོ་ཡི་འཇིམ་བརྙན་པེ་ཅིང་གི“ཨོ་གཉིས་སྡེ་ཁུལ”དུ་ཡོལ་བ་ཕྱེ་བ།

པཱ་ཧོ་ཡི་འཇིམ་བརྙན་གྱི་མཐོ་ཚད་ལ་ལི་སྨི་72ཡོད་པ་དང་། རང་རྒྱལ་གྱི་འཇིམ་བརྙན་མཁས་ཅན་སྐུ་ཞབས་ཡོན་ཤིས་ཁུན་གྱིས་བཞེངས་པ་ཞིག་ཡིན་པ་དང་། 2008ལོར་སྤྱི་གླིང་དེར་བསླངས་པའི་ཀུའུ་པའེ་ཏན་དང་། སཱ་མཱ་ལན་ཆི། ལུའོ་ཀེ་བཅས་ཀྱི་འཇིམ་བརྙན་དང་མཉམ་དུ་རྒྱལ་སྤྱིའི་ཨོ་ལིམ་ཕིག་གི་མི་སྣའི་མཉམ་སྒྲིག་འཇིམ་བརྙན་ཞིག་ཆགས་ཡོད། 2022ལོའི་ཟླ་1ཚེས་15ཉིན། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧོ་ཡི་འཇིམ་བརྙན་པེ་ཅིང་གྲོང་ཁྱེར་གྲོང་ཤར་ཆུས་ཁྲོམ་གཞུང་ཤར་མ་བཞི་པའི་ཨོ་ལིམ་ཕིག་སྡེ་ཁུལ་སྤྱི་གླིང་དུ་ཡོལ་བ་ཕྱེ་བ་དང་སྦྲགས་ཁྲོམ་གཞུང་ཤར་མ་བཞི་པ་དེ་ཉིད“ཨོ་གཉིས་སྡེ་ཁུལ”དུ་སྐྲུན་འགོ་ཚུགས་པ་མཚོན་ཡོད།