《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

ཀྲེ་ཅང་ཅིན་ཧྭ་ཡིས་ལོ་གསར་པའི་ཀྲུང་ལོའི་ལྕཌ་ལམ་གྱི་རྒྱལ་སྤྱིའི་ཟོག་འདྲེན་མེ་འཁོར་དང་པོ་དེ་གཏོང་འགོ་ཚུགས་པ།

དུས་གཏན་མེ་འཁོར་དེའི་ནང་ཅིན་ཧྭ་དང་། ཅ་ཤིང་། དབུན་ཀྲོའུ་སོགས་ཀྱི་ཁེ་ལས་ནས་ཐོན་སྐྱེད་བྱས་པའི་ཆུ་འཐེན་འཕྲུལ་འཁོར་དང་། ཁྱིམ་སྤྱོད་གློག་ཆས། རས། རྒྱུན་མཁོའི་མཁོ་ཆས་སོགས་ཕྱིར་གཏོང་དངོས་ཟོག་བྱུར་བུར་བླུགས་ནས་ཚད་ལྡན་དོས་སྒམ་ཁྱོན་72ཡོད་པ་དེ་དག་གི་དངོས་ཟོག་རིན་ཐང་ཨ་སྒོར་ཁྲི་216ཟིན་གྱི་ཡོད། འགག་སྒོས་ལྟ་འདོམས་བྱས་རྗེས་ཡུན་ནན་མོ་ཧན་འགག་སྒོ་ནས་ཐོན་ཏེ་སྔོན་དཔག་བྱས་ན་ཉིན་ལྔའི་རྗེས་སུ་ལོ་སིའི་རྒྱལ་ས་ཝན་ཐེན་དུ་འབྱོར་རྒྱུ་ཡིན་པ་དང་ལམ་ཐག་ཧྲིལ་པོའི་འཁོར་རྒྱུག་དུས་ཚོད་དེ་གཞུང་ལམ་སྐྱེལ་འདྲེན་ལས་ཉིན་4ནས་6བར་ཐུང་དུ་ཕྱིན་ཞིང་།

འདི་ནི་2022ལོའི་ཟླ་1ཚེས་16ཉིན་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་གྱི་ལོ་གསར་པའི་ཀྲུང་ལོའི་ལྕགས་ལམ་གྱི་རྒྱལ་སྤྱིའི་ཟོག་འདྲེན་མེ་འཁོར་ཐོག་མ་དེ་གཏོང་འགོ་ཚུགས་པ།