《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

ལྷོ་ཁ་གྲོང་ཁྱེར་གྱིས་གཞུང་ལམ་འགྲིམ་འགྲུལ་དྲ་བ་ཚགས་དམ་དུ་གཏོང་རྒྱུར་ཤུཌ་སྣོན་བརྒྱབ་ནས་བར་མཐོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།

“ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་ལམ་ངོས་བཏིང་ཚད་སྤྱི་ལེ་4550ཟིན་ཏེ193%འཕར་བ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་བཟུང་ནས། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་རྒྱུར་ཤུགས་སྣོན་དང་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། ཡར་ཀླུང་ས་གཞི་ཆེ་མོར་མཛེས་སྡུག་ལྡན་པའི་གཞུང་ལམ་དྲ་བ་བསྐྲུན་ནས་ས་ཁོངས་ཡོངས་ལ་འབྲེལ་བའི་བར་མཐོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ནུས་ཤུཌ་ཡོད་རྒུས་བཏོད་པ་རེད། མིག་སྔར། གཞུང་ལམ་གྱི་སྤྱིའི་ལམ་ཚད་ཐོག་མའི་སྤྱི་ལེ་123ནས་2020ལོའི་ལོ་མཇུག་གི་སྤྱི་ལེ་9018བར་མང་དུ་ཕྱིན་པ་དང་། རིམ་པ་དང་པོ་དང་དེ་ཡན་གྱི་གཞུང་ལམ་དུ་་རླངས་འཁོར་ཤར་གཏོང་ཐུབ་ཚད་2015ལོའི་ལོ་མཇུག་ཏུ་རྩ་བ་ནས་མེད་པ་ནས་མིག་སྔའི་སྤྱི་ལེ་90བར་མང་དུ་ཕྱིན་པ། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་སྣུམ་ནག་ཏུ་འགྱུར་ཚད་ཆེས་ཆེར་འཕར་ནས་ལམ་ངོས་བཏིང་ཚད་སྤྱི་ལེ་4550ཟིན་ཏེ་193%འཕར་བ། གཞུང་ལམ་བདག་སྐྱོང་བྱ་རྒྱུ་ཁྱོན་ཡོངས་ནས་ཟབ་ཏུ་ཕྱིན་པ། རྒྱལ་ཁབ་དང་ཞིང་ཆེན་གྱི་ལམ་དང་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་བྱེད་ཚད་89.5%དང་16.3%སོ་སོར་འཕར་བ་བཅས་བྱུང་ཡོད་པ་རེད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྷོ་ཁ་གྲོང་ཁྱེར་དུ་གཞུང་ལམ་སྐྲུན་མགྱོགས་སུ་ཕྱིན་ནས་ལོ་རྒྱུས་ཐོག་གཏོང་ཆ་གཏོང་ཤུགས་ཆེ་ཤོས་དང་། འཕེལ་རྒྱས་མགྱོགས་ཤོས། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་རྣམ་པར་འགྱུར་ལྡོག་མངོན་གསལ་དོད་ཤོས་བཅས་ཀྱི་ལོ་ལྔ་ཡིན་པ་རེད། ལོ་ལྔའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་གཙོ་གནད་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་10དང་། གཙོ་གནད་ཉེན་ཟམ་སྒྱུར་བཀོད་རྣམ་གྲངས་3 གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་367བཅས་འཛུགས་སྐྲུན་བྱས་ནས། འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་269.66བཏང་བ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”ལྡབ་3.8ཡིན་པ་རེད། གོང་དཀར་གནམ་ཐང་ནས་རྩེད་ཐང་བར་གྱི་རིམ་མཐོའི་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དེས་ལྷོ་ཁར་རིམ་མཐོའི་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། རྒྱལ་ལམ་219ཡི་ཁང་དམར་རྫོང་ཉིང་རུ་སྨད་ཤང་ནས་སྣང་རྫོང་གི་སྐྱེམས་སྟོང་ཤང་བར་གྱི་ལམ་དུམ་བུ་དང་རྒྱལ་ལམ་560གྱི་འཕྱོངས་རྒྱས་རྫོང་ནས་མཚོ་སྣ་རྫོང་བར་གྱི་གཞུང་ལམ་སོགས་གཙོ་གནད་གཞུང་ལམ་མང་པོ་ཞིག་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ། ཞིང་ཆེན་གྱི་ལམ་5བརྒྱུད་དེ་ལྷ་ས་ནས་ལྷོ་ཁ་བར་གྱི་མྱུར་བགྲོད་ལམ་འཛུགས་སྐྲུན་རྣམ་གྲངས་མགྱོཌ་མྱུར་བསྐྲུན་ནས། རྩེད་ཐང་ལྟེ་བར་བྱས་ཏེ་རྩེད་ཐང་ནས་གོང་དཀར་བར་གྱི་རིམ་མཐོའི་གཞུང་ལམ་དང་། རྒྱལ་ལམ་349དང་། རྒྱལ་ལམ་560 རྒྱལ་ལམ་219བཅས་གཙོ་རྐང་དུ་བྱས་ནས་ཞིང་ཆེན་ལམ་205དང་། ཞིང་ཆེན་ལམ་206 ཞིང་ཆེན་ལམ་507 ཞིང་ཆེན་ལམ་508སོགས་ཡན་ལག་ལམ་དང་ཆེད་སྤྱོད་གཞུང་ལམ་དང་། གྲོང་གསེབ་ཀྱི་གཞུང་ལམ། མཐའ་ལུས་རང་བྱུང་གྲོང་ཚོའི་གཞུང་ལམ་བཅས་ཉིང་ལག་ལམ་དུ་བྱས་པའི་ཕྱོཌ་བཞིར་ཁྱབ་འགྱེད་ཐུབ་ནས་འགྲོ་འོང་སྟབས་བདེ། བར་བགྲོད་ཐུབ་པའི་ས་ཁོངས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དྲ་བ་ཞིག་རགས་ཙམ་ཆགས་ཡོད་པ་རེད།