《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

ཕ་ཡུལ་དུ་ལོག་པའི་ལམ་བར་གྱི་བརྩེ་བ་ཟབ་མོ།

—— ལྕགས་ལམ་ལས་དོན་པས་དཔྱིད་གསར་སྐྱེལ་འདྲེན་གྱི་ལས་ལ་བྲེལ་བའི་སྐོར་བཀོད་པ།

↑འདི་ནི་ལྷ་སའི་བབས་ཚུགས་ནུབ་མའི་འབྲེལ་གཏུག་པ་ཧྥུང་པིང་པིང་གིས་མེ་འཁོར་སྦྲེལ་ཁ་གློད་བཞིན་པ།

↑འདི་ནི་དཔྱིད་གསར་སྐྱེལ་འདྲེན་གྱི་མཐོ་རླབས་འཕྱུར་བའི་སྐབས་སུ། ལྷ་སའི་བབས་ཚུགས་ནུབ་མའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝང་ཆི་ཧྲན་དང་ཀྲེན་ཀྲང་གཞོན་པ་བསོད་ནམས་བཀྲ་ཤིས་ཀྱིས་རང་འགུལ་ངང་འགྲུལ་པར་ཞབས་འདེགས་ཞུ་བའི་འགན་འཁྲི་འཁུར་བཞིན་པ།

↑འདི་ནི་ལྷ་སའི་བབས་ཚུགས་ནུབ་མར་སྤ་སེ་འཚོང་མཁན་བཀྲ་ཤིས་མཚོ་མོས་ངང་རྒྱུད་རིང་པོས་འགྲུལ་པར་སྤ་སེའི་ཆ་འཕྲིན་འཚོལ་རོགས་བྱེད་བཞིན་པ།

དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ། 2022ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་མཐོ་རླབས་འཕྱུར་ཞིང་། ལྕགས་ལམ་སོགས་སྡེ་ཚན་མང་པོས་ཞབས་འདེཌ་འགན་ལེན་ནུས་ལྡན་ཞུས་ནས་འགྲུལ་པ་ཚོ་བདེ་འཇཌ་དང་གོ་རིམ་ལྡན་པའི་ངང་འགྲོ་སྐྱོད་ཐུབ་ཆེད་ལས་གནས་བརྟན་སྲུང་བྱེད་མཁན་མང་པོས་རང་སོའི་ལས་ཀར་གཞིས་ཚུཌ་ནས་དཔྱིད་གསར་རིང་ཕ་ཡུལ་དུ་ལོག་མཁན་འགྲུལ་པ་ཚོར་དྲོ་སྐྱིད་སྦྱིན་པ་དང་བློ་བདེ་ཡོང་བ་བྱས་པ་རེད།

ལྷ་སའི་ལྕགས་ལམ་ལས་དོན་པས་འགྲུལ་པར་ཚ་བ་ལྟ་བ་ནས་ལམ་ཧྲིལ་པོར་ཁ་རས་རྒྱག་དགོས་པའི་དྲན་སྐུལ་བར་དང་། མེ་འཁོར་བབས་ཚུགས་དང་མེ་འཁོར་ནང་རླུང་འགྲོ་རྒྱུག་དང་དུག་སེལ་བྱེད་པ་ནས“ཕན་ཚུན་མ་རེག་པར་ཞབས་འདེགས”ཞུ་བའི་བར་ཤུགས་སྣོན་རྒྱག་པ། འགྲུལ་པ་བབས་ཚུགས་ནས་མེ་འཁོར་ལ་འཛུལ་སྐབས་སྤ་སེ་བཤེར་བའི“ལག་ཁྱེར་གཅིག་འཐུས”ཀྱི་འགྲོ་ལུགས་གཉེར་རྒྱུར་མཛུབ་ཁྲིད་བྱེད་པ་ནས་མེ་འཁོར་སྒུག་སྡོད་ཁུལ་ལ་འགྲུལ་པ་ཁ་བཀྲམ་ནས་སྡོད་དུ་བཅུག་པའི་བར་སོགས་དོན་དམ་པའི་བྱ་ཐབས་རེ་རེ་དང་སེམས་རྩ་འཁོལ་བའི་ཁྲིད་སྟོན་རེ་རེས་འགྲུལ་པ་ཚོར་ཕ་ཡུལ་དུ་ལོག་པའི་ལམ་བར་དུ་དྲོ་སྐྱིད་ཟབ་མོ་ཚོར་བར་བྱས་པ་རེད།