《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

བོད་སྡོད་དཔུང་སྡེ་ཞིག་གིས་2022ལོའི་དམག་སྦྱོང་འགོ་ཚུགས་ཀྱི་སྐུལ་སློང་བྱས་ཏེ།

ལོ་གསར་པའི་དམག་དོན་སྦྱོང་བརྡར་བྱེད་འགོ་ཚུགས་པ།

འདི་ནི་དམག་སྦྱོང་འགོ་ཚུགས་ཀྱི་སྐུལ་སློང་ཚོགས་ར་ཡིན་པ།

འདི་ནི་དཔུང་སྡེ་དེའི་ལས་ཁུངས་ཀྱི་ལས་བྱེད་པ་འབེན་རར་སྐྱོད་བཞིན་པ།

འདི་ནི་ཚ་ཁ་ལྟ་ཡུལ་དུ་དཔོན་དམག་ཚོས་མེ་མདའ་རྒྱག་བཞིན་པ།

ཉེ་ཆར། ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་པའི་གངས་ལྗོངས་ས་མཐོར་བཅའ་སྡོད་དཔུང་སྡེ་ཞིག་གི་དཔོན་དམག་ཡོངས་ཀྱིས་རུ་སྟར་བསྒྲིགས་ནས་2022ལོའི་དམག་སྦྱོང་འགོ་ཚུགས་ཀྱི་སྐུལ་སློང་ཚོགས་ཆེན་འཚོགས་ཏེ་དམག་དཔུང་སྟོབས་ཆེར་གཏོང་བ་དང་དམག་དཔུང་དར་རྒྱས་གཏོང་བའི་ལེའུ་གསར་པ་བརྩམས་པ་དང་། འབད་འབུངས་ཡར་བརྩོན་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པ་རེད།

འཐབ་འཁོར་གྲལ་སྟར་འགྲིག་པ་དང་དམ་འཇོག་སྐད་སྒྲ་ལྷང་ལྷང་གྲགས། སྦྱོང་བརྡར་བྱ་ཡུལ་དུ་སྐད་གསང་མཐོན་པོའི་དམག་གླུ་གྲགས་པ་དང་བསྟུན་ནས་སྐུལ་སློང་ཚོགས་ཆེན་དངོས་སུ་འགོ་ཚུགས་ཤིང་། 2022ལོའི་དམག་སྦྱོང་འགོ་ཚུགས་པའི་སྐུལ་སློང་བཀའ་རྒྱ་བཏང་བ་དེས་དཔོན་དམག་ཚོ་དེང་རབས་ཅན་གྱི་དཔུང་སྡེ་འཛུགས་སྐྱོང་ནང་ཞུགས་པའི་སྤྲོ་སེམས་འཕེལ་བ་མ་ཟད། དཔོན་དམག་ཚོའི་གངས་ལྗོངས་ས་མཐོར་གཞི་ཚུགས་པ་དང་ལྷག་བསམ་རྣམ་དག་གིས་མཐའ་སྲུང་རྒྱལ་སྲུང་གི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་པ་རེད།

ལོ་གསར་པའི་སྦྱོང་བརྡར་ཐད། དཔུང་སྡེ་དེའི་འགོ་ཁྲིད་ཀྱིས། དཔོན་དམག་ཡོངས་ཀྱིས་ཀྲུང་དབྱང་དམག་ཨུད་ཀྱི་སྦྱོང་བརྡར་འགོ་ཚུགས་སྐུལ་སློང་གི་བཀའ་རྒྱ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་དམག་དོན་སྦྱོང་བརྡར་བྱ་རྒྱུ་དེ་འཐབ་ཇུས་ཀྱི་གནས་བབ་ཐོག་འཇོག་པ། རྩ་བའི་ཚད་གཞི་འབའ་ཞིག་ཡིན་པའི་འཐབ་ནུས་གཏན་འཁེལ་བརྟན་པོ་བྱེད་པ་བཅས་བྱས་ནས་སྦྱོང་བརྡར་གྱི་དངོས་འཐབ་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། དངོས་འཐབ་ཀྱི་སྦྱོང་བརྡར་གཏིང་ཟབ་ཏུ་བཏང་སྟེ་དམག་འཐབ་ལ་བརྟེན་ནས་སྦྱོང་བརྡར་ལ་འགོ་ཁྲིད་དང་སྦྱོང་བརྡར་ལ་བརྟེན་ནས་དམག་འཐབ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་དམག་འཐབ་ཀྱི་སྙིང་སྟོབས་སྐྱེད་སྲིང་དང་། ངར་ཤུགས་བློ་སྟོབས་ལ་ཞུན་བརྡར། གཡུལ་ལས་རྒྱལ་བའི་འཇོན་ཐང་ཆེ་རུ་གཏོང་བ། རྟ་དམག་ཧྲག་པོ་སྦྱོང་བརྡར་བཅས་བྱེད་དགོས་ཞེས་བཤད་པ་རེད།

གོང་གིས་འོག་ལ་ཁྲིད་སྟོན་དང་། དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན། སྐུལ་སློང་མཇུག་འགྲིལ་རྗེས་དཔུང་སྡེ་དེའི་འགོ་ཁྲིད་ལས་ཁུངས་ཀྱིས་འབེན་རར་བསྐྱོད་དེ་2022ལོའི་དམག་དོན་སྦྱོང་བརྡར་བྱེད་འགོ་བཙུགས་པ་རེད།