འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་ལམ་སྲོལ་གྱིས་གསར་འགྱུར་ཡོངས་བསྒྲཌ་ཚོགས་འདུ་འཚོཌ་ཏེ། དུས་ཆེན་རིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་སྦྲགས་གསར་འགོད་པའི་དྲི་བར་ལན་བརྒྱབ་པ་རེད།
“མིག་སྔར་རང་རྒྱལ་ལ་དུག་སྲིན་ཏེར་ཐ་དང་ཨའོ་སྨི་ཁེ་རོང་སྟེ་ཕྱི་འགོས་རིམས་ནད་ཀྱི་འགྲན་སློང་ཉིས་བརྩེགས་འཕྲད་བཞིན་ཡོད། དཔྱིད་གསར་སྐྱེལ་འདྲེན་འགོ་ཚུགས་གྲབས་ཡོད་པས། མི་སྣ་འགྲོ་འོང་དང་འདུ་འཛོམས་བྱེད་ཚད་ཧ་ཅང་མང་དུ་སོང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ཛ་དྲག་ཏུ་འགྲོ་སྲིད”ཅེས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ། དྲིལ་བསྒྲཌ་སིའི་སི་ཀྲང་གཞོན་པ་སྨི་ཧྥུང་གིས་བརྗོད་པ་དང་། ཁོང་གིས་རྒྱ་ཆེའི་མང་ཚོགས་ལ་དཔྱིད་གསར་སྐྱེལ་འདྲེན་རིང་ཕ་ཡུལ་དུ་མ་ལོག་གོང་། ཐོན་ས་དང་། བར་རྒྱུད་ས་ཆ། འབྱོར་ས་བཅས་ཀྱི་རིམས་འགོག་བླང་བྱར་དོ་སྣང་དང་བརྩི་སྲུང་ཞུ་དགོས་པ་དང་། ལམ་བར་དུ་མི་སྒེར་གྱི་འགོག་སྲུང་ཐོག་མཐའ་བར་གསུམ་དུ་ཡག་པོ་བྱས་ནས་ཁ་རས་རྒྱག་པ་དང་། ལག་པ་ཡང་ཡང་འཁྲུད་པ། རླུང་འགྲོ་ཡག་པོ་ཡོང་བ་བཅས་མཐའ་འཁྱོངས་བྱེད་དགོས་པ། ཕ་ཡུལ་དུ་སླེབས་རྗེས་འདུ་འཛོམས་དང་འགྲོ་སྐྱོད་ཉུང་ཙམ་བྱེད་དགོས་པ་དང་ནད་རྟགས་ཐོན་མ་ཐག་སྨན་བཅོས་དང་སྙན་སེང་ཞུ་དགོས་པའི་དྲན་སྐུལ་བྱས་པ་རེད།