《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

འདི་ལོ་ཧྲང་ཧའེ་ཡིས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་2000ཡན་གཏོང་རྩིས་ཡོད་པ།

འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས་ཧྲང་ཧའེ་ཡིས་ཕན་ནུས་ལྡན་པའི་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་བརྟན་པོ་ཡོང་བའི་སྲིད་ཇུས་དོན་ཚན་24བཏོན་ནས་མ་འཇོག་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་འཛུགས་སྐྲུན་ཐད་མ་དངུལ་གཏོང་གང་བདེ་ཡོང་བར་བྱས་ཏེ་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་2000ཡན་གཏོང་རྩིས་ཡོད་པ་རེད།

ཧྲང་ཧའེ་ཡིས་ད་དུང་དྲ་རྒྱ་གསར་པ་དང་། སྒྲིག་བཀོད་གསར་པ། ལས་སྟེགས་གསར་པ། མཐའ་སྣེ་གསར་པ་བཅས་མཚོན་བྱེད་དུ་བྱས་པའི“རྨང་གཞིའི་སྒྲིག་བཀོད་གསར་པའི་འཛུགས་སྐྲུན”རྣམ་གྲངས་བཀོད་སྒྲིག་ཧུར་ཐག་བྱེད་རྒྱུ་ཡིན་ལ། སྒོར་དུང་ཕྱུར་1000ཡན་ཟིན་པའི“རྨང་གཞིའི་སྒྲིག་བཀོད་གསར་པའི་འཛུགས་སྐྲུན”གྱི་གཟིགས་སྐྱོང་སྐྱེད་ཚད་ཀྱི་ཡིད་རྟོན་དངུལ་བུན་བེད་ཡག་པོ་སྤྱད་དེ་སྤྱི་ཚོགས་ཀྱི་མ་རྩས“རྨང་གཞིའི་སྒྲིག་བཀོད་གསར་པའི་འཛུགས་སྐྲུན”ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱ་རྒྱུ་རེད།