《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

ལས་འཛོལ་ཐོན་པའི་ཟོག་འདྲེན་རླངས་འཁོར་ཞིག་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པས་སྐྱོབ་རོགས་བྱས་པ།

↑ འདི་ནི་མི་དམངས་ཉེན་རྟོག་པས་གཞོགས་ལོག་པའི་རླངས་འཁོར་ལ་ཞིབ་བཤེར་བྱེད་བཞིན་པ།

← འདི་ནི་མི་དམངས་ཉེན་རྟོག་པས་བཅའ་སྡོད་བྱ་ཡུལ་གྱི་ཏང་ཨུད་དང་སྲིད་གཞུང་དང་མཉམ་དུ་ལྗིད་འདེགས་འཕྲུལ་འཁོར་སྤྱད་ནས་ཟོག་འདྲེན་རླངས་འཁོར་འགྱོག་བཞིན་པ།

ཉེ་ཆར། གཞིས་རྩེའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་སྨན་ཕུ་མཐའ་མཚམས་མངགས་གཏོང་ཁང་ལ་མང་ཚོགས་ཀྱི་ཁ་པར་ཞིག་འབྱོར་བ་སྟེ། རྒྱལ་ལམ་318རྒྱུད་ཀྱི་སྨན་ཕུ་ཤང་གི་ལམ་དུམ་དུ་ཟོག་འདྲེན་རླངས་འཁོར་ཞིག་གཞོགས་ལོག་འདུག་པས་མྱུར་སྐྱོབ་བྱེད་རོགས་ཞེས་བརྗོད། ཉེན་བརྡ་འབྱོར་རྗེས་མངགས་གཏོང་ཁང་གིས་འཕྲལ་མར་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ལས་འཛོལ་ཐོན་ཡུལ་དུ་རོགས་སྐྱོབ་བྱེད་པར་བསྐྱོད།

མི་དམངས་ཉེན་རྟོག་པ་རོགས་སྐྱོབ་བྱ་ཡུལ་དུ་འབྱོར་རྗེས་ལྗིད་ཚད་ཏུན་30ཡོད་པའི་ཟོག་འདྲེན་རླངས་འཁོར་ཞིག་གཞོགས་ལོག་ནས་མདུན་གྱི་ཤེལ་སྒོ་ཚང་མ་ཆག་ཡོད་པ་མ་ཟད། རླངས་འཁོར་གྱི་ཕྱི་ངོས་ལའང་གཏོར་སྐྱོན་ཚབས་ཆེན་ཕོག་སྟེ་དངོས་ཟོག་ཚང་མ་ཕྱིར་ཐོར་ཡོད། སྟབས་ལེགས་པ་ཞིག་ལ་ཁ་ལོ་བ་དུས་ཐོག་ཏུ་རླངས་འཁོར་ནས་དོན་ཐུབ་པས་རྨས་སྐྱོན་ཆེན་པོ་ཕོག་མེད་པ་རེད། མངགས་གཏོང་ཁང་གིས་འཕྲལ་མར་བཅའ་སྡོད་བྱ་ཡུལ་གྱི་ཏང་ཨུད་དང་སྲིད་གཞུང་དང་མཉམ་དུ་རོགས་སྐྱོབ་ལས་དོན་སྤེལ་ནས་ཁ་ལོ་བར་རྨ་རས་སྟབས་བདེ་དཀྲིས་པ་དང་འབྲེལ་སེམས་གསོ་བཏང་བ་དང་ཆབས་ཅིག ལྗིད་འདེཌ་འཕྲུལ་འཁོར་དོན་རྐྱེན་ཐོན་སར་ཡོང་རྒྱུའི་འབྲེལ་བ་བྱས། ཆུ་ཚོད་7ཙམ་རིང་ཛ་དྲག་གི་རོགས་སྐྱོབ་བྱས་པ་བརྒྱུད། མཐར་ཟོག་འདྲེན་རླངས་འཁོར་བསླངས་ཐུབ་པ་མ་ཟད་རླངས་འཁོར་གྱི་ཁ་ལོ་ཁང་བརྗེས་པ་དང་ཕྱིར་ཐོར་བའི་དངོས་ཟོག་ཚང་མ་རླངས་འཁོར་ནང་བླུགས་པ་རེད།