《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

རྒྱ་ཚ་གྲོང་རྡལ་མངགས་གཏོང་ཁང་གིས།

“གྲལ་བཤེར་ཆེ་མོ་དང་། བརྟག་ཞིབ་ཆེ་མོ། འདུམ་འགྲིག་ཆེ་མོའི”བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷོ་ཁ་ནས་གློག་འཕྲིན་འབྱོར་གསལ། “ཧྥེང་ཆའོ་རྣམ་པའི”སྤྱི་བདེ་མངགས་གཏོང་ཁང་གཏོད་འཛུགས་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། མི་དམངས་མང་ཚོགས་ཀྱིས་སྤྱི་བདེའི་ལས་དོན་ལ་བསམ་ཤེས་ཐུབ་ཚད་དང་མོས་སེམས་ཆེ་རུ་གཏོང་བ་དང་། སྤྱི་བདེའི་རྨང་གཞིའི་ལས་དོན་བརྟན་དུ་གཏོང་བ། འགལ་ཟླ་དང་རྩོད་གཞི་སྣ་ཚོགས་དུས་ཐོག་ཏུ་སེལ་བ། དུས་བདེའི་རྒྱ་ཚ་འཛུགས་སྐྲུན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་ཆེད། ཉིན་ཤས་བསྟུད་མར། རྒྱ་ཚ་རྫོང་རྒྱ་ཚ་གྲོང་རྡལ་མངགས་གཏོང་ཁང་གིས་ཁོངས་གཏོགས་ཁུལ་དང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་གཅིག་སྡུད་ཐོག“གྲལ་བཤེར་ཆེ་མོ་དང་། བརྟག་ཞིབ་ཆེ་མོ། འདུམ་འགྲིག་ཆེ་མོའི”བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པས་དུད་ཚང་དུ་བསྐྱོད་དེ་བཅར་འདྲི་དང་དྲིལ་བསྒྲགས་དོགས་ཟོན་སོགས་ཀྱི་ནང་དོན་དང་ཟུང་འབྲེལ་བྱས་ནས་གཞི་རིམ་དང་། ལས་ཡུལ། མང་ཚོགས་བཅས་ཀྱི་ཁྲོད་དུ་བསྐྱོད་དེ“གྲལ་བཤེར་ཆེ་མོ་དང་། བརྟག་ཞིབ་ཆེ་མོ། འདུམ་འགྲིག་ཆེ་མོའི”བྱེད་སྒོ་སྤེལ་བ་རེད། དུད་ཚང་ལ་སླེབས་རིམ་བཞིན་མི་དམངས་ཉེན་རྟོག་པས་བདེ་འཇགས་དོགས་ཟོན་གྱི་དྲིལ་བསྒྲགས་དཔྱད་ཡིག་དང་ཉེན་རྟོག་པ་དང་མི་དམངས་ཀྱི་འབྲེལ་གཏུག་གཱ་སོགས་སྤྲད་པ་བརྒྱུད་མེ་ཟོན་དང་། རྐུན་འགོག གློག་འཕྲིན་ཁ་བསླུས་འགོག་པ་སོགས་ཀྱི་རྒྱུན་གཏན་གྱི་བདེ་འཇགས་རྒྱུན་ཤེས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ། དེ་བཞིན་མང་ཚོགས་ཀྱིས་སྤྱི་བདེའི་ལས་དོན་ལ་བཅངས་པའི་རེ་སྒུག་གསར་པ་དང་བླང་བྱ་གསར་པ་རྒྱ་ཁྱབ་ངང་ཉན་ནས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་པ་དང་འབྲེལ། མང་ཚོགས་ཀྱི་གླེང་མང་བའི་གནད་དོན་ལ“མི་གཅིག་ལ་ཇུས་རེ་དང་གནད་དོན་རེར་ཡིག་ཚགས་རེ”གཞིར་བཟུང་རེ་རེ་བཞིན་ཐོ་འགོད་བྱས་པ་རེད།

མངགས་གཏོང་ཁང་གི་འགན་འཁུར་བས། མངགས་གཏོང་ཁང་གི་མི་དམངས(ལས་རོགས)ཉེན་རྟོག་པ་ཡོངས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་དང་། བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས། ནུས་ལྡན་གྱི་བྱ་སྤྱོད། དངོས་སྒྲུབ་ཀྱི་བྱེད་ཐབས་བཅས་ལ་བརྟེན་ནས་ད་ཐེངས་ཀྱི་བྱེད་སྒོ་ལེགས་སྒྲུབ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བདེ་འཇགས་དང་། བརྟན་ལྷིང་། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་བདེ་འཇགས་ཀྱི་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།

མིག་སྔའི་བར། མངགས་གཏོང་ཁང་དེས་དུད་ཚང་400ཡི་མི་1600ལྷག་ཙམ་ལ་བཅར་འདྲི་བྱས་ནས། མང་ཚོགས་ཀྱི་རེ་ཞུ་ཁག་36ཤེས་རྟོགས་དང་ཁོང་དུ་ཆུད་པ་དང་ངལ་རྩོལ་གླ་ཕོགས་རྩོད་གཞི་1གྲལ་བཤེར་དང་འདུམ་འགྲིག་བྱས་པ་རེད། བྱེད་སྒོ་དེ་སྤེལ་བ་ལས་ཉེན་རྟོག་པ་དང་མི་དམངས་དབར་འབྲེལ་གཏུག་བྱེད་པའི་ཐབས་ལམ་སྔར་བས་རྒྱ་ཆེར་ཕྱིན་པ་དང་། སྤྱི་ཚོགས་བདེ་འཇགས་ཀྱི་ཁོར་ཡུག་ལེགས་སུ་ཕྱིན་པ། མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ཆེ་རུ་ཕྱིན་པ་བཅས་ཁོངས་གཏོགས་ཁུལ་ལ་ཞི་མཐུན་བརྟན་ལྷིང་གི་བདེ་འཇགས་ལྡན་པའི་ཁོར་ཡུག་ཅིག་བཏོད་ཡོད་པ་རེད།