《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་ཅུས་ཀྱིས་ཁྲོམ་གཞུང་དང་སྲང་ལམ་ལ་ཕྱོགས་བསྡུས་བཅོས་སྒྲིག་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ནས་ཤེས་རྟོགས་བྱུང་བར། ཅུས་དེའི་ཁྲོམ་གཞུང་བཅོས་སྒྲིག་ཚོགས་ཆུང་བཙུགས་པ་ནས་བཟུང་ཁོངས་གཏོགས་ཁུལ་གྱི་ཁྲོམ་གཞུང་དོན་གཅོད་ཁང་དགུ་དང་མཉམ་དུ་ཁྲོམ་གཞུང་དང་སྲང་ལམ་གྱི་ཁོར་ཡུག་ལ་བཅོས་སྒྲིག་བྱས་པས་ཁྲོམ་གཞུང་གི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱིས་ཁྲོམ་གཞུང་དང་སྲང་ལམ་ལ་བཅོས་སྒྲིག་བྱ་རྒྱུ་དེ་གཙོ་གནད་ལས་དོན་དུ་བརྩིས་ནས་གྲོང་ཁྱེར་དོ་དམ་གྱི་ཁྲིམས་འཛིན་དང་། ཁྲོམ་གཞུང་སྡེ་ཁུལ། སྤྱི་ཚོགས་ཞབས་ཞུའི་དཔུང་ཁག ཚོང་དུད་ཀྱི་ཏང་ཡོན་བཅས་ཕྱོགས་མང་མཉམ་ཞུགས་དང་དོན་སྤྱི་སྒྲུབ་ཁུར་མཉམ་ལེན་གྱི་མ་ལག་གསར་པ་འཚོལ་ཞིབ་བྱས་ནས་བཙུགས་ཡོད། དེ་དང་ཆབས་ཅིག “སྒོ་འགྲམ་གྱི་འགན་ལེན་གསུམ”གྱི་ལམ་ལུགས་ཁྱབ་གདལ་བཏང་ནས་ཁྲོམ་གཞུང་རྒྱུད་ཀྱི་ཚོང་དུད་ཀྱི་བདག་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འགན་འཁྲིའི་ཡི་གེ་འཇོག་པའི་བྱ་ཐབས་བརྒྱུད། རང་སོ་སོའི་སྒོ་འགྲམ་གྱི་འཕྲོད་བསྟེན་དང་། སྒྲིག་ལམ། སྔོ་འགྱུར་སོཌ་ཀྱི་དོ་དམ་འགན་འཁྲི་རང་འགུལ་ངང་འཁུར་དུ་བཅུག་པ་དང་། གད་སྙིགས་གང་བྱུང་དུ་བླུགས་པ་དང་། བཙོག་ཆུ་གང་བྱུང་དུ་འབུད་པ། ལམ་ངོས་ལ་གནོད་སྐྱོན་གཏོང་བ་སོགས་ཀྱི་བྱེད་སྤྱོད་རང་རྟོགས་ངང་བཀག་འགོག་བྱས་པ། རང་འགུལ་ངང་མ་རབས་ཀྱི་བྱེད་སྤྱོད་མི་ཐོན་པ་བཅས་བྱས་ཡོད། གཞན་ཡང་ཁྲོམ་གཞུང་དང་སྲང་ལམ་བཅོས་སྒྲིག་ཚོགས་ཆུང་གིས་གཙང་ཕྱིས་དང་། གཙང་སེལ། ཁ་གསབ། སྔོ་འགྱུར་བཅས་ཀྱི་ཆེད་དོན་བྱ་སྤྱོད་ཆེན་པོ་བཞི་སྤེལ་བ་བརྒྱུད་གྲོང་ཁྱེར་གྱི་ཤེས་དཔལ་གྱི་རང་མདངས་མངོན་པར་བྱས་པ་རེད།