《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

མེ་ཟོན་བདེ་འཇགས་ལ་སྣང་ཆུང་བྱེད་མི་རུང་།

ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱིས“མེ་ཟོན་བདེ་འཇགས་ལ་སྣང་ཆུང་བྱེད་མི་རུང་། དམངས་ཡོངས་ཀྱིས་ནུས་ཤུགས་འདོན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་མེ་ཟོན་དྲིལ་བསྒྲགས་ཀྱི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་ཏེ་མེ་ཟོན་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་མེ་ཟོན་བདེ་འཇགས་ཀྱི་རྒྱུན་ཤེས་ཁྱབ་གདལ་ཤུགས་ཆེན་བཏང་ནས་སྤྱི་ཚོགས་ཡོངས་ཀྱིས་མེ་ཟོན་ལ་དོ་ཁུར་དང་། མེ་ཟོན་ལ་སློབ་སྦྱོང་། མེ་ཟོན་ལ་ཞུགས་པ་བཅས་བྱེད་རྒྱུར་སྐུལ་འདེད་བཏང་བ་རེད། ད་ཐེངས་ཀྱི་བྱེད་སྒོ་དེ་གཞིས་རྩེ་གྲོང་ཁྱེར་མེ་སྐྱོན་སྔོན་འགོག་བདེ་འཇགས་ཨུ་ལྷན་གྱིས་སྒྲིག་འཛུགས་ལག་བསྟར་བྱས་པ་དང་། དྲིལ་བསྒྲགས་ཚོགས་ཆུང་ཁྱོན་86སྐུལ་སློང་བྱས་ནས་རྒན་གསོ་ཁང་དང་། སྡེ་ཁུལ། སྨན་ཁང་། གསོལ་མགྲོན་ཁང་། ཚོང་ར། སྣུམ་སྣོན་ས་ཚིགས་དང་། དེ་བཞིན་དགོན་སྡེ་དང་གླུ་གར་རོལ་རྩེད་ཁང་སོགས་གནས་410ལྷག་ཙམ་ལ་བསྐྱོད་དེ་མེ་ཟོན་དྲིལ་བསྒྲགས་བྱས་པ་དང་། སློབ་གསོ་ཐེབས་པའི་མང་ཚོགས་མི་ཐེངས་1000ལྷག་ཙམ་ཟིན་ཡོད་པ་རེད།

འདི་ནི་མེ་ཟོན་པའི་མཛུབ་ཁྲིད་འོག་མང་ཚོགས་ཀྱིས་དངོས་འཐབ་མེ་གསོད་ནང་སྦྱོང་བྱེད་བཞིན་པ།