《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

ཁྲེང་ཀོན་ཆུས་སྔགས་པ་གླིང་ཁ་སྡེ་ཁུལ་གྱིས་ཁོངས་གཏོཌ་ཁུལ་གྱི་འགྲིམ་འགྲུལ་ལ་བཅོས་སྒྲིག་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉང་བྲན་མ་ལམ་གྱི་སྤྱི་ཁྱབ་སྨན་ཁང་གི་སྒོ་འགྲམ་ནས་ཉང་བྲན་ཤང་གི་ཟམ་སྣེའི་ལམ་དུམ་བར་གྱི་འགྲིམ་འགྲུལ་འགག་པའི་གནས་ཚུལ་ཐག་གཅོད་ནུས་ལྡན་བྱེད་པ་དང་། འགྲིམ་འགྲུལ་བཅོས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ། གཞུང་ལམ་ཤར་བགྲོད་སྔར་བས་ནུས་ལྡན་ཐུབ་པ། འགྲིམ་འགྲུལ་འགག་པའི་གནས་ཚུལ་ཞི་ལྷོད་དུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར་སྔགས་པ་གླིང་ཁ་སྡེ་ཁུལ་གྱིས་སྡེ་ཁུལ་གྱི་ལས་དོན་མི་སྣ་སྒྲིག་འཛུཌ་བྱས་ནས་ཉང་བྲན་མ་ལམ་གྱི་འགྲིམ་འགྲུལ་འགག་པའི་སྣང་ཚུལ་བཅོས་སྒྲིག་བྱས་པ་རེད།

སྡེ་ཁུལ་གྱི་ལས་དོན་མི་སྣས་ངག་ཐོག་ནས་ཁ་ཏ་སློབ་སྟོན་བྱ་རྒྱུ་གཙོ་བོར་བྱས་ཏེ་ལམ་དུམ་དེར་སྒྲིག་འགལ་ངང་རླངས་འཁོར་འཇོག་མཁན་དང་ལྡོག་སྐྱོད་བྱེད་མཁན་ལ་སློབ་གསོ་བརྒྱབ་པ་དང་། ཁ་ཏ་སློབ་སྟོན་བྱས་ཀྱང་ཉན་འཇོག་མི་བྱེད་མཁན་གྱི་རླངས་འཁོར་ལ་སྒོ་ལྕགས་བརྒྱབ་པ་དང་འབྲེལ“འཇོག་མི་ཆོག་པའི་ཡི་གེ”སྤྲད་པ་རེད།

ད་རེས་གཅིག་སྡུད་བཅོས་སྒྲིག་བྱས་པ་བརྒྱུད་་ཁོངས་གཏོགས་ཁུལ་གྱི་འགྲིམ་འགྲུལ་སྔར་བས་ཚད་ལྡན་དུ་ཕྱིན་ཏེ་རླངས་འཁོར་གང་བྱུང་དུ་འཇོག་པའི་གནས་ཚུལ་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད།