《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

ཡོངས་བསྒྲགས་སུ་ཁྲིམས་ར་འཚོགས་པ།

ཉེ་ཆར། ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་གྲོང་ཁྱེར་ཤང་ཀྲོའུ་ཆུས་མི་དམངས་ཁྲིམས་ཁང་གིས་རྒྱལ་མཚམས་བསྒྲལ་བའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་གཉིས་ལ་ཁྲིམས་ལྟར་འདྲི་ཞིབ་དང་པོའི་ཁྲིམས་ར་འཚོགས་ཏེ། ཁ་བསླུས་བརྒྱབ་པའི་ནག་ཉེས་ཀྱི་ཐོག་ནས་ཀྲུང་ཕེ་ཁྲེང་དང་དབྱང་ཧྲེང་པིན་སོགས་མི་45དུས་བཀག་བཙོན་འཇུག་ལོ་གསུམ་ནས་བཅོ་ལྔ་བར་བྱ་རྒྱུ་དང་སྒོར་ཁྲི་གཉིས་ནས་ཁྲི་བརྒྱ་བར་གྱི་དངུལ་ཆད་གཅོད་རྒྱུའི་ཁྲིམས་ཐག་བཅད་པ་མ་ཟད། གནོད་འཚེ་ཕོག་མཁན་ལ་གྱོང་གུན་གསབ་སྤྲོད་བྱེད་དགོས་པའི་བཀའ་རྒྱ་ཡང་བཏང་བ་རེད།