《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

པར་རིས་གསར་འགྱུར།

ཉིན་ཤས་བསྟུད་མར་སྣ་དཀར་རྩེ་རྫོང་གྲམ་མདའ་ཤང་མངའ་ཁོངས་སུ་གངས་བབས་ཏེ་གྲོང་ཚོ་དང་དགོན་སྡེར་སྐྱོད་སའི་གཞུང་ལམ་མང་ཆེ་བར་འཁྱགས་པ་ཐེབས་ཏེ་འགྲོ་འོང་འཁོར་རིགས་དང་འགྲོ་འོང་བྱེད་མིར་རྙོག་དྲ་ཆེན་པོ་བཟོས་ཡོད། སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་ཁང་རུ་ལྷ་ཁང་གི་ཉེན་དོན་ཁང་གིས་མི་དམངས་ཉེན་རྟོག་པ་དང་། གྲྭ་བཙུན། མང་ཚོགས་བཅས་སྒྲིག་འཛུགས་ཀྱིས་དུས་ཐོག་ཏུ་འཁྱགས་པ་གཏོར་བ་དང་གངས་ཕྱགས་ནས་མངོན་མེད་རྐྱེན་ངན་བསལ་ཏེ་མི་དམངས་མང་ཚོགས་ཀྱི་ཕྱིར་སྐྱོད་བདེ་འཇགས་འགན་ལེན་ནུས་ལྡན་བྱས་པ་རེད། འདི་ནི་ཉེན་དོན་ཁང་གི་མི་དམངས་ཉེན་རྟོག་པ་དང་གྲྭ་དམངས་ཀྱིས་འཁྱགས་པ་གཏོར་བ་དང་གངས་ཕྱགས་ནས་འགྲོ་ལམ་ཤར་གཏོང་འགན་ལེན་བྱེད་བཞིན་པ།