《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

ལྷུན་གྲུབ་རྫོང་ཁྲིམས་ཁང་གིས་ངལ་ནུས་རྩོད་གཞི་འདུམ་འགྲིག་ཧུར་ཐག་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷུན་གྲུབ་རྫོང་ཁྲིམས་ཁང་ལག་བསྟར་ཅུས་ལ་ཞིང་པ་ལས་མི་18ཀྱིས་ཝུའུ་ཆེ་གེ་མོ་དང་ཧྲུའུ་ཆེ་གེ་མོའི་ངལ་ནུས་རྩོད་གཞི་ལག་བསྟར་བྱ་རྒྱུའི་རེ་ཞུ་འབྱོར་རྗེས་ལག་བསྟར་ཁྲིམས་དཔོན་གྱིས་དུས་ཐོག་ཏུ་ལག་བསྟར་བྱ་ཡུལ་འབོད་འགུགས་བྱས་པ་རེད། ལག་བསྟར་བྱ་ཡུལ་གཉིས་པོའི་སྡོད་གནས་བརྟག་དཔྱད་བྱས་རྗེས་ལག་བསྟར་ཁྲིམས་དཔོན་གྱིས་ཁྲིམས་འཛིན་ཉེན་རྟོག་པ་དང་མཉམ་དུ་ལག་བསྟར་བྱ་ཡུལ་2བཙན་འགུགས་བྱས། ཕྱི་ཉིན་མཐར་ལག་བསྟར་བྱ་ཡུལ་ཝུའུ་ཆེ་གེ་མོ་དང་ཧྲུའུ་ཆེ་གེ་མོས་ཞིང་པ་ལས་མི་18ཀྱི་ངལ་ནུས་གླ་ཆའི་ཐད་རང་རང་གིས་འཁུར་དགོས་པའི་བསྡུར་གྲངས་ཀྱི་གྲོས་མཐུན་རང་མོས་ངང་བཞག་པ་མ་ཟད། ས་གནས་ས་ཐོག་ཏུ་གྱོད་གཞིའི་དངུལ་སྒོར་ཁྲི་20.96གཏོང་སྤྲོད་བྱས་པ་དང་དེ་བྱིངས་ཀྱི་གྱོད་གཞིའི་དངུལ་སྒོར་ཁྲི་16.02ལག་བསྟར་བྱ་ཡུལ་2པོས་གང་མགྱོཌ་སྤྲོད་རྒྱུའི་ཁས་ལེན་བྱས་པ་རེད། ཞིང་པ་ལས་མིའི་གླ་ཆ་དང་འབྲེལ་བ་ཡོད་པའི་མུ་འབྲེལ་གྱོད་གཞི་དེ་དུས་ཐུང་ནང་བདེ་བླག་ངང་འདུམ་འགྲིག་ཐུབ་པ་རེད།