《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

“དངུལ་རྩའི་ཞབས་ཞུའི”ཁ་པར་འབྱོར་ནས་ལྷ་སའི་མི་གཉིས་ལ་མགོ་སྐོར་ཐེབས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། “དངུལ་རྩ་ག་གེ་མོའི”མིང་ཐོག་ནས་དངུལ་བུན་ཁ་བསླུས་ཀྱི་མགོ་སྐོར་གཏོང་སྟངས་ཤིག་ལྷ་ས་གྲོང་ཁྱེར་དུ་ཐོན་ཞིང་། ཟླ་1ཚེས་15དང་16ཉིན། ལྷ་ས་གྲོང་ཁྱེར་དུ“དངུལ་རྩ་ག་གེ་མོར”ཁ་གཡར་ནས་དངུལ་བུན་ཁ་བསླུས་རྒྱག་པའི་གྱོད་གཞི་ཁག་2ཐོན་པ་དང་། གྱོད་འབྲེལ་སྒོར་45000ཟིན་ཡོད་པ་རེད།

ཟླ་1ཚེས་15ཉིན་ལྷ་ས་གྲོང་ཁྱེར་གྱི་གྲོང་མི་ལུའོ་ལགས(སྒྱུར་མིང)ལ་རྒྱུས་མངའ་མེད་པའི་ཁ་པར་ཞིག་འབྱོར་ནས“དངུལ་རྩ་ག་གེ་མོའི”ཚོང་མགྲོན་ཞབས་ཞུ་བ་ཡིན་ཞེས་ཟེར་བ་དང་། དངུལ་བུན་གཡར་དགོས་མིན་དྲིས་པ་རེད། ལུའོ་ལགས་ཀྱིས་མོས་མཐུན་བྱས་རྗེས། ཕར་ཕྱོགས་ཀྱི་རེ་བ་ལྟར། འབྲེལ་མཐུད་བྱེད་པའི“དངུལ་རྩ་ག་གེ་མོའི”APPཕབ་ལེན་བྱས་ཏེ་ལུའོ་ལགས་ཀྱིས་འབྲེལ་ཡོད་ཆ་འཕྲིན་འཁོད་རྗེས་ཕར་ཕྱོགས་ཀྱིས་ལུའོ་ལགས་ལ་དངུལ་ཁང་གཱའི་ཨང་གྲངས་འབྲི་ནོར་ཤོར་འདུག་ཟེར་ནས་ལུའོ་ལགས་ལ་བཀག་རྒྱ་གློད་པའི་དངུལ་སྤྲོད་དུ་བཅུག་ནས་ལུའོ་ལགས་ས་ནས་སྒོར་30000ཁ་བསླུས་བརྒྱབ་པ་རེད།

ཟླ་1ཚེས་16ཉིན། གྲོང་མི་ལི་ལགས(སྒྱུར་མིང)ལ་ཡང་དེ་དང་གཅིག་མཚུངས་ཀྱི་ཁ་བསླུས་ཐེབས་ནས་སྒོར་15000མགོ་སྐོར་ཐེབས་པ་རེད།

གྱོད་གཞི་དེའི་རིགས་ཀྱིས་ཡང་སྙིང་རྒྱུ་མཚན་གང་ཞིག་ལ་བརྟེན་ནས་གནོད་འཚེ་ཕོག་མཁན་མགོ་སྐོར་འོག་ཏུ་ཚུད་ཐབས་བྱས་པ་ཡིན་ནམ། དེའི་ཐད་གསར་འགོད་པས་ཤེས་རྟོགས་གཏིང་ཟབ་བྱས་པ་ཡིན། དང་ཐོག“ཚོང་མགྲོན”གྱིས་རེ་ཞུའི་དངུལ་བུན་ལ་ཆོག་མཆན་སྤྲད་ཡོད་པས། གལ་ཏེ་དངུལ་སྨར་གཱ་ནང་བླུག་དགོས་ཚེ། གྲོན་དངུལ་སྤྲད་ནས་ཚོགས་མིས་སྤྱོད་ཆོག་པ་བཟོ་དགོས་པར་ཁ་གཡར་ནས་རྩིས་སྒྱུར་བྱེད་དགོས་པའི་རེ་བ་བཏོན་པ་དང་། དེ་རྗེས་གནོད་འཚེ་ཕོག་མཁན་ལ་དངུལ་ཁང་གཱའི་ཨང་གྲངས་འབྲི་སྟངས་ནོར་ནས་དངུལ་སྨར་ལེན་ཐབས་བྲལ་བས་གྲོན་དངུལ་སྤྲོད་པ་དང་དངུལ་ཁང་གཱའི་ཨང་གྲངས་བཟོ་བཅོས་རྒྱག་དགོས་པ་སོགས་ལ་ཁ་གཡར་ནས་ཁ་བསླུས་བརྒྱབ་པ་རེད།

ཉེན་རྟོགས་ཕྱོགས་ཀྱིས་དྲན་སྐུལ་བྱས་དོན། ཁ་བསླུས་ང་ཚོ་དང་བར་ཐག་རིང་པོ་ཡོད་བསམས་མི་རུང་། དོན་དམ་དུ་དེ་ང་ཚོའི་འཁྲིས་སུ་ཡོད་པ་དང་། ལྷག་པར་དུ་ན་གཞོན་དང་། སློབ་གྲྭ་ཆེ་མོ་བ། དངུལ་དགོས་མཁོ་ཆེ་བའི་ཚོགས་སྤྱི་བཅས་ནི་དངུལ་བུན་ཁ་བསླུས་ཚོགས་པའི་དོ་ཁུར་བྱ་ཡུལ་དང་མགོ་སྐོར་གཏོང་ཡུལ་རེད། དྲ་རྒྱའི་མགོ་སྐོར་མང་པོ་ཡོད་པས་རིག་པ་དྭངས་གསལ་བྱེད་དགོས།

དེ་དང་དུས་མཚུངས་གྲོང་མི་ཚོས་བློ་ལ་ངེས་དགོས་རྒྱུར། དྲ་རྒྱའི་དངུལ་བུན་རྩིས་ཁྲའི་ཐོ་བསུབ་པ་དང་མི་སྒེར་གྱི་ཡིད་རྟོན་དབར་ཐད་ཀའི་འབྲེལ་བ་མེད་པས། དུས་བཀག་ལྟར་དངུལ་བུན་གཙང་མ་འཇལ་ཚེ། མི་སྒེར་གྱི་ཡིད་རྟོན་ལ་ཤུགས་རྐྱེན་ཐེབས་མི་སྲིད། གལ་སྲིད་རང་ཉིད་ལ་དྲ་རྒྱའི་དངུལ་བུན་ལས་སྟེགས་ཀྱི་ལས་དོན་མི་སྣའི་ཁ་པར་འབྱོར་སྐབས་ངེས་པར་དུ་དོགས་ཟོན་ཆེར་སྐྱེད་བྱེད་དགོས། རྒྱུས་མངའ་མེད་པའི་རྩིས་ཁྲར་རྩིས་སྒྱུར་དང་དངུལ་བསྐུར་རྒྱུ་མེད་པ་དང་། བཤེར་རྟགས་སྲུང་སྐྱོང་ཡག་པོ་བྱས་ནས་རྒྱུ་ནོར་གྱི་གྱོང་གུན་མི་ཐེབས་པ་བྱེད་དགོས། གལ་སྲིད་གནས་ཚུལ་དེ་རིགས་འཕྲད་ཚེ་འབྲེལ་ཡོད་དཔྱད་ཡིག་ཉར་ནས་ལམ་སེང་ཉེན་རྟོག་པར་སྙན་སེང་ཞུ་དགོས།

(ཚེ་ལྷས་བསྒྱུར། པ་ཚེས་ཞུས)