《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

ན་ནིང་ནག་ཆུ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རིགས་ཁག་གི་གྱོད་གཞི་820 བདག་སྤྲོད་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2021ལོར་ནག་ཆུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རིགས་ཁག་གི་གྱོད་གཞི་820བདག་སྤྲོད་བྱས་པ་དང་གྱོད་གཞི་706ཞིབ་གཅོད་བྱེད་མཇུག་འགྲིལ་ནས་གྱོད་ཐག་ཆོད་ཚད་86.1%ཟིན་ཞིང་། གྱོད་གཞི་བདག་སྤྲོད་བྱེད་ཚད་ལྗོངས་ཡོངས་ཀྱི་ཨང་གསུམ་པ་ཡིན་པ་རེད།

གསར་འགོད་པར་ཤེས་རྟོགས་བྱུང་བར། ན་ནིང་ནག་ཆུ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱས་ཏེ་ཁྲིམས་འཛིན་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཤར་གཏོང་བྱས་ནས། མི་རིགས་ཁག་གི་མང་ཚོགས་ལ་དེ་བས་སྟབས་བདེ་ལ་མྱུར་བའི་ཁྲིམས་འཛིན་ཞབས་ཞུ་མཁོ་འདོན་ཧུར་ཐག་བྱས་པ་དང་གཅིག་འཐུས་རྣམ་པའི་སྣ་མང་རྩོད་གཞི་འདུམ་འགྲིག་དང་གཏུག་བཤེར་ཞབས་ཞུའི་མ་ལག་འཛུགས་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

2021ལོར་ཁྲིམས་ཁང་དེའི་གཏུག་བཤེར་ཞབས་ཞུའི་ཚོམས་ཆེན་གྱིས་མང་ཚོགས་མི་ཐེངས་2600ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། དྲ་ཐོག་ནས་གྱོད་གཞི་34ཐོ་འགོད་བྱས་པ། ས་ཁོངས་སྒྲོལ་ནས་གཞོགས་འདེགས་ཀྱིས་གྱོད་གཞི་3ཐོ་འགོད་བྱས་པ། དྲ་ཐོག་བརྙན་ལམ་ནས་རྩོད་གཞི་25འདུམ་འགྲིག་བཅས་བྱས་པ་དང་། སྐོར་སྐྱོད་ཁྲིམས་རའི་ཁྲིམས་འཛིན་ཞབས་ཞུ་གྲོང་ཚོ་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་བཏང་བར་ལོ་གཅིག་རིང་སྤྱི་ལེ་23000ལྷག་ཙམ་བསྐྱོད་པ་དང་། སྐོར་སྐྱོད་བྱས་ཏེ། གྱོད་གཞི་123བདག་སྤྲོད་བྱས་པ། རྩོད་གཞི་123འདུམ་འགྲིག་བྱས་པ་བཅས་རེད།