《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

མི་དམངས་ཉེན་རྟོག་པ་ཚེ་དབང་རྡོ་རྗེས་བརྗོད་དོན།

དམངས་དོན་ཡག་པོ་བསྒྲུབས་ནས་ཉེན་རྟོག་པ་དང་མི་དམངས་དབར་གྱི་བརྩེ་བ་ ཟབ་ཏུ་གཏོང་གི་ཡིན།

“གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་ཞིག་བྱེད་པར་ལས་སླ་པོ་མེད། མང་ཚོགས་ཀྱི་ཞུ་གཏུག་ལ་ང་ཚོས་དུ་ཐོག་ཏུ་དཔྱད་བསྡུར་བྱེད་ཀྱི་ཡོད། གལ་སྲིད་རྐང་བཙུགས་ནས་སྙོན་འཛུགས་བྱས་ཚེ་ང་ཚོའི་ལྟ་ཞིབ་ཚོགས་པས་ཁེ་དབང་སྲུང་སྐྱོང་ལམ་སྲོལ་ལག་ལེན་བསྟར་ནས་མི་དམངས་ཉེན་རྟོག་པར་ཁེ་དབང་སྲུང་སྐྱོང་གི་དག་སེལ་བྱས་ཏེ་ཤུགས་རྐྱེན་ངན་པ་སེལ་གྱི་ཡོད”ཅེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་ཉེན་རྟོག་ལས་དོན་ལྟ་ཞིབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ཚེ་དབང་རྡོ་རྗེས་གསར་འགོད་པར་བཤད།

ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ནས་ཡོང་བའི་བོད་རིགས་ཕོ་གསར་ཚེ་དབང་རྡོ་རྗེར་ཆུང་དུས་ནས་ཉེན་རྟོག་པ་ཞིག་བྱ་རྒྱུའི་ཕུགས་བསམ་ཡོད། 2012ལོའི་ཟླ་6པར། བོད་ལྗོངས་སློབ་ཆེན་ཐོན་རྗེས་ཚེ་དབང་རྡོ་རྗེ་རེ་འདུན་ལྟར་སྤྱི་བདེའི་དཔུང་ཁག་ནང་ཞུགས།

2021ལོའི་ཟླ་4པར། ལས་ཀའི་དགོས་མཁོའི་དབང་གིས་བདེ་སྲུང་མི་དམངས་ཉེན་རྟོག་པ་ལོ་མང་བྱས་པའི་ཚེ་དབང་རྡོ་རྗེ་ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་ཉེན་རྟོག་ལས་དོན་ལྟ་ཞིབ་རུ་ཆེན་གྱི་ཁོངས་མི་ཞིག་ཏུ་གྱུར། ལས་གནས་གསར་པའི་ཐོག་ཚེ་དབང་རྡོ་རྗེས་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱས་ནས《ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་ཀྱི་མི་དམངས་ཉེན་རྟོག་པའི་ཁེ་དབང་སྲུང་སྐྱོང་ལས་དོན་གྱི་གཏན་འབེབས》དང་། 《ཁེ་དབང་སྲུང་སྐྱོང་གི་དག་སེལ་བྱེད་པའི་བརྡ་ཐོ》 མི་དམངས་ཉེན་རྟོག་པས་སྒྲིག་ཁྲིམས་སྲུང་ཡོད་མེད་ཀྱི“ཐེར་འདོན་ལས་སྟེགས”སོགས་བཟོ་བར་སྔ་རྗེས་སུ་ཞུགས་པ་མ་ཟད། ཁེ་དབང་སྲུང་སྐྱོང་གྱོད་གཞི་25ཞིབ་བཤེར་ཐག་གཅོད་བྱས་པ་དང་དབང་ཆར་བཙན་གནོད་ཀྱི་ཁྲིམས་འགལ་བྱེད་སྤྱོད་30ལྷག་ཙམ་ལ་རྡུང་རྡེག་དང་ཐག་གཅོད་བྱས་པ་རེད།

“ཁྲེང་ཀོན་ཡན་ལག་ཅུས་ཏང་ཨུད་ཀྱིས་བཏོན་པའི་ཁྲེང་ཀོན་སྤྱི་བདེའི‘མདུན་གྲལ་དུ་སྐྱོད་པ་དང་མིག་དཔེ་སྟོན་པའི’བླང་བྱ་གཞིར་བཟུང་། ང་ཚོས‘ཞུ་གཏུག་མེད་པ་དང་ཚད་གཞིར་སྐུལ་འདེད་གཏོང་བ’ལས་ཀའི་དམིགས་ཚད་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་སྣ་ཚོགས་རྒྱུན་ཆད་མེད་པར་གསར་གཏོད་དང་། མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་བཏང་སྟེ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པར་ལན་བསློགས་ཡོད། 2021ལོར་ཉེན་རྟོག་ལས་དོན་ལྟ་ཞིབ་རུ་ཆེན་གྱིས་ཞུ་གཏུག་སྒྲུབ་གཉེར་བྱེད་ཚད་100%ཟིན་པ་དང་མང་ཚོགས་བློ་ཡིད་ཚིམ་ཚད་99%ཟིན་ཡོད”ཅེས་ཚེ་དབང་རྡོ་རྗེས་བཤད།

ཚེ་དབང་རྡོ་རྗེར་ཏང་ལོ་ལོ་12ལྷག་ཙམ་ཡོད་པ་དང་ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་སྟབས་2021ལོའི་ལོ་འཁོར་གྱི་ཕུལ་བྱུང་གཞུང་ལས་པར་བདམས་པ་རེད། འབྱུང་འགྱུར་ཐད་ཁོང་གིས་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ལས་སྒོའི་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།