《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

འབྲི་རུ་རྫོང་གིས།

“ཉམས་ཞན་ཚོགས་སྤྱིའི་བཅའ་ཁྲིམས་བློ་འདྲི་ལེ་དབར་ཁྲི་ཡི་བྱ་སྤྱོད”སྤེལ་བ།

འདི་ནི“ཉམས་ཞན་ཚོགས་སྤྱིའི་བཅའ་ཁྲིམས་བློ་འདྲི་ལེ་དབར་ཁྲི་ཡི་བྱ་སྤྱོད”སྤེལ་ཡུལ་ཡིན་པ།

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཁྲིམས་འཛིན་ཅུས་ཀྱིས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི“ཆེད་དོན་བྱ་སྤྱོད་ཆེ་གྲས་ལྔ”གོ་སྐབས་སུ་བྱས་སྟེ། བོད་སྐྱོར་ཁྲིམས་རྩོད་པ་དང་མཉམ་དུ་རྫོང་ཡོངས་ཀྱི་ཤང་གྲོང་10དང་གྲོང་ཚོ་དང་གྲོང་ལྷན་འགའ་ཞིག་ཏུ“ཉམས་ཞན་ཚོགས་སྤྱིའི་བཅའ་ཁྲིམས་བློ་འདྲི་ལེ་དབར་ཁྲི་ཡི་བྱ་སྤྱོད”སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་། བོད་སྐྱོར་ཁྲིམས་རྩོད་པ་ལིའུ་རུང་ཀྲེན་གྱིས་བུད་མེད་དང་། ན་སོ་དར་ལ་མ་བབས་པའི་མི། རྒན་རྒོན། ཞིང་པ་ལས་མི། དབང་པོ་སྐྱོན་ཅན་སོགས་ཉམས་ཞན་ཚོགས་སྤྱིར་བཅའ་ཁྲིམས་བློ་འདྲིའི་ཞབས་འདེགས་ཧུར་ཐག་ཞུས་ནས“གཅིག་གཏད་གཅིག་དང་ངོ་ཐུག་གདོང་འཕྲད”ཀྱི་བྱ་ཐབས་སྤྱད་དེ་མང་ཚོགས་ཀྱི་དོགས་གཞིར་ལན་བརྒྱབ་སྟེ་མང་ཚོགས་ཀྱི་བཅའ་ཁྲིམས་ཐད་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པར་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་དང་གདེང་འཇོག་བཟང་པོ་ཐོབ་པ་རེད། དེ་དང་ཆབས་ཅིག་མང་ཚོགས་ཀྱི་དགོས་མཁོར་གཞིགས་ཏེ་རིན་མེད་གཏུག་བཤེར་ཚབ་སྒྲུབ་ཀྱི་ཞབས་འདེགས་ཞུས་པ་རེད། མང་ཚོགས་ཀྱིས་གོ་ཐུབ་པ་དང་། ཉན་ཐུབ་པ། ཉན་རྒྱུར་དགའ་བ་བཅས་བྱ་ཆེད། རྫོང་ཁྲིམས་འཛིན་ཅུས་ཀྱིས་ད་དུང་ཡིག་སྒྱུར་ལས་དོན་དང་འབྲེལ་ཡོད་སྲིད་ཇུས་སྒྲོག་འགྲེལ་གྱི་ལས་དོན་ཡང་སྤེལ་བ་རེད།