《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

པར་རིས་གསར་འགྱུར།

ཉེ་ཆར། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་རྫོང་དེའི་སྟག་ལུང་གྲོང་རྡལ་དང་མདོ་ཆོས་ཤང་དུ“ཨ་ཅག་གི་སློབ་ཁང་གྲོང་གསེབ་ཏུ་འཛུགས”པའི་བྱེད་སྒོ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོ་སྤེལ་རིང་ཏང་གི་སྲིད་ཇུས་སྒྲོག་འགྲེལ་དང་། “སྒྱུག་མོ་བཟང་པོ”དང“མནའ་མ་བཟང་པོར”གཟེངས་བསྟོད། བུད་མེད་དང་བྱིས་པ་ཚོར་འོས་འགན་སྨན་བཅོས་བཅས་བྱས་ཐོག་ཏང་གི་མ་བུའི་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་གཞི་རིམ་གྱི་བུད་མེད་ལ་ཞབས་འདེགས་ཞུས་ཤིང་། འདི་ནི་བྱེད་སྒོ་སྤེལ་རིང་སྨན་པས་མང་ཚོགས་ལ་འོས་འགན་སྨན་བཅོས་བྱེད་པ་དང་འབྲེལ་མ་བུ་འཕྲོད་སྦྱོར་གྱི་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།