《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དྲི་བ་དྲིས་ལན།

79 ཏང་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ།

1982ལོའི་ཟླ་9པར་པེ་ཅིང་དུ་འཚོགས་ཤིང་། ཏེང་ཞའོ་ཕིང་གིས་འགོ་ཚུགས་ཤིས་ཚིག་སྒྲོན་སྐབས“རང་ཉིད་ཀྱི་ལམ་བུར་བསྐྱོད་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་དགོངས་པ་གལ་ཆེན་བཏོན་གནང་ཡོད།

80 དཔལ་འབྱོར་སྒྲིག་གཞི་ཕྱོགས་ཡོངས་ནས་སྒྱུར་བཅོས་བྱས་པ།

1984ལོའི་ཟླ་10པར་ཏང་གི་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག《དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་ནས་དུས་བབ་དང་བསྟུན་ཏེ་སྒྱུར་བཅོས་ཀྱི་གཙོ་གནད་དེ་གྲོང་གསེབ་ནས་གྲོང་ཁྱེར་དུ་བསྒྱུར་བ་དང་དཔལ་འབྱོར་སྒྲིག་གཞི་ཕྱོགས་ཡོངས་ནས་སྒྱུར་བཅོས་བྱ་རྒྱུའི་གཏན་འབེབས་བྱས་ཡོད།

81 “བརྒྱད་དྲུག་གསུམ”འཆར་གཞི།

ལག་རྩལ་མཐོ་བའི་ཞིབ་འཇུག་འཕེལ་རྒྱས་ཀྱི་འཆར་གཞི། 1986ལོའི་ཟླ་3པར་བཏོན་པ་དང་1987ལོའི་ཟླ་3པར་དངོས་སུ་སྒྲིག་འཛུགས་ལག་བསྟར་བྱེད་འགོ་ཚུགས་ཡོད། “བརྒྱད་དྲུག་གསུམ”གྱི་འཆར་གཞི་ལག་བསྟར་བྱས་པ་དེས་རང་རྒྱལ་འདི་ཉིད་འཛམ་གླིང་གི་ཚན་རྩལ་མཐོ་བའི་ཁྱབ་ཁོངས་སུ་གནས་བབ་ངེས་ཅན་ཞིག་བཟུང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

(མུ་མཐུད་འགོད་རྒྱུ)